| | e-texts navigator
|
92a1 སངས་རྒྱས་བྱང་ཆུབ་རབ་གྲུབ་ཕྱིར།། འགྲོ་བའི་མགོན་ལ་དེ་ཉིད་བརྗོད།། དེ་ཡི་ཀུན་ནས་སངས་རྒྱས་ནི།། ཐམས་ཅད་འདུས་པ་ཉིད་དུ་འགྱུར།། ཐམས་ཅད་མི
92a2 དམིགས་སྦྱོར་བ་ཡིས། ། དངོས་གྲུབ་ཐམས་ཅད་སྩོལ་བར་མཛད།། དཀྱིལ་འཁོར་དེར་ཞུགས་པ་ལ་ནི།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དགའ་བ་ལ་སོགས་མཚན་མ
92a3 མཆོག། སྣ་ཚོགས་པ་ནི་འབྱུང་བར་འགྱུར།། དེ་ནས་དེ་བཞིན་ཆོ་ག་ནི།། རྒྱས་པས་སློབ་མ་མཆོག་ཏུ་ཞུགས།། མཆོད་པའི་ཐལ་མོས་འཁོར་ལོ་ཚེ།། མཆོད་ནས་སླར་ནི་དབྱུང་བར།
92a4 བྱ།། སྒྲུབ་པ་བྱས་ནས་དངོས་གྲུབ་ཀྱང་།། ཆོ་ག་ཇི་བཞིན་རབ་བཤད་བྱ།། རས་ལ་བཅོམ་ལྡན་བདུད་ལ་སོགས།། རྣམ་པར་རྒྱལ་དུ་མཉེས་པར་བྲི།། སྒྲུབ་འདི་ལན་ཅིག་ཙམ་གྱིས་ནི།།
92a5 དེའདྲའི་སྒྲུབ་པས་འགྲུབ་པར་འགྱུར།། སྐུ་གཟུགས་སོགས་མདུན་ཡང་དག་པར།། ཡེ་ཤེས་ཁུ་ཚུར་ཡོངས་གཟུང་ལ།། རྡོ་རྗེའི་ཚིག་གི་ཆོ་ག་བཞིན།། བཟླས་བརྗོད་སྟོང་ཕྲག་བརྒྱ
92a6 བྱའོ། ། མདོར་ན་འབུམ་ན་རྫོགས་པ་ན།། ཅི་འདོད་དངོས་གྲུབ་ཐམས་ཅད་དང་།། ཚེ་མཆོག་འདི་ལ་སངས་རྒྱས་ཉིད།། ཐོབ་འགྱུར་འདི་ལ་ཐེ་ཙོམ་མེད།། དེ་ནས་དེ་བཞིན་གཤེགས་པའི
92a7 ཕྱག་རྒྱ་ཆེན་པོའི་སྒྲུབ་པ་ཆེན་པོའི་རྒྱུད་ནི། ཕྱག་རྒྱ་གང་རུང་གཅིག་བཅིངས་ནས།། བདག་ནི་སངས་རྒྱས་ཡིན་བསྒོམས་ན།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ།། བརྟན་པར་མྱུར་དུ་ཐོབ
iiif viewer powered by OpenSeadragon
91b - 92b