e-texts navigator
Collection
Volume
Page
Wylie

86a1 སེམས་ཉིད་འདོད། ། དངོས་གྲུབ་ཇི་ལྟར་འདོད་པ་ཉིད།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཕྱི་མ་འམ་ནི་འཇིག་རྟེན་པའམ།། རྟོག་པ་ཀུན་བཤད་ཆོ་ག་འམ།། རང
86a2 ཉིད་ཀྱིས་མཛད་ཀྱིས་རྟག་ཏུ། ། དངོས་གྲུབ་ཐམས་ཅད་གྲུབ་འགྱུར་ཞེས།། བཅོམ་ལྡན་རྡོ་རྗེ་དངོས་གྲུབ་ཀྱིས།། དབང་ཕྱུག་བདེ་བ་ཆེན་པོ་ནི།། རྡོ་རྗེ་འཆང་བ་ཆེན་རྒྱལ་པོ།། ཀུན
86a3 མཆོག་ས་ཡི་དབང་པོས་གསུངས། ། དེ་ལ་ཇི་ལྟར་ན་རང་གི་ཕྱག་རྒྱ་སྒྲུབ་པའི་རྒྱུད་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་མཉམ་བཞག་ལ།། རང་གི་སྙིང་པོ་ལན་ཅིག་སྒྲུབ།། དྲྀ་ཌྷ་སུ་ཏོ་ཥྱ་སན་རཀྟ།
86a4 སུ་བོ་སིདྡྷ་ཏ་ལ་གུ། དེ་ལ་ཇི་ལྟར་ཡི་གེ་ཧཱུཾ།། གླུ་བླང་བ་ཡ~ཾ་རྒྱུད་ཡིན་ཞེ་ན། རི་དྷི་ཏ་སོགས་ཀྱིས་བརྒྱན་ལྡན།། ཅི་ནུས་པ་དང་ཅི་དགའ་དང་།། གྷཎྜོ་ལ་སོགས་གླུ་བླངས་པའི།
86a5 ཡི་གེ་ཧཱུཾ་གིས་འགྲུབ་པར་འགྱུར།། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི།། མཆོག་དེ་སྒྲུབ་པའི་རྒྱུད་བཤད་དེ།། གལ་ཏེ་ཕྱག་རྒྱ་སྒྲུབ་འདོད་ན།། དེ་བཞིན་ཡུལ་དང་ལྡན་གྱུར་པས།། རང་ཉིད
86a6 ཀྱིས་ནི་རྒྱུ་བཅིངས་ལ། ། ཡོངས་སུ་མི་སྐྱོའི་བར་དུ་བསྒྲུབ།། དེ་ལ་ཇི་ལྟར་ན་དམ་ཚིག་ཐམས་ཅད་གྲུབ་པའི་རྒྱུད་ཡིན་ཞེ་ན། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི།། ས་མ་ཡ་སྟྭཾ་ཞེས་བརྗོད་ལ།
86a7 རང་གི་སྙིང་ཁར་རིམ་བཞིན་དུ།། ཕྱག་རྒྱའི་མཆོག་དོ་བསྒྲུབ་པར་བྱ།། དེ་ནས་ལས་ཀྱི་ཕྱག་རྒྱ་ཡི།། མཆོག་སྒྲུབ་པ་ནི་རྒྱུད་དུ་ནི།། རྡོ་རྗེ་གར་གྱིས་མཆོད་པ་ཡིས།། ཡོངས་སུ་མི་སྐྱོ་བས




iiif viewer powered by OpenSeadragon

85b - 86b

Texts on this page