e-texts navigator
Collection
Volume
Page
Wylie

81b1 དེ་ཁོ་ན་ཉིད་ལན་ཅིག་བརྗོད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ།། ཡེ་ཤེས་ཆེན་པོ་ལས་ཆེན་པོ།། དེ་དག་རྡོ་རྗེ་སེམས་གྲུབ་བརྗོད།། དེ་ནས་མེ་ཏོག་སིལ་མ་ནི།། མགོན
81b2 ལ་གཏོར་ཏེ་ཆོ་ག་བཞིན། ། དང་པོ་ཥ་ཌ་བ་ལ་སོགས།། བསྟོད་པའི་གླུ་རུ་ལན་ཅིག་བླངས།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་རྒྱལ་པོ་མཚན་བརྒྱ་རྩ་བརྒྱད་པོ་དེ་ཁོ་ན་ཉིད་ཆེན་པོ་ནི་འདི
81b3 ཡིན་ཏེ། དཔལ་མཆོག་དང་པོ་སེམས་དཔའ་ཆེ།། དགའ་བ་ཆེན་པོའི་དགའ་བ་ཆེ།། ཀུན་ཏུ་བཟང་པོའི་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། སེམས་དང་སེམས་དཔའི
81b4 ཏིང་འཛིན་མཆོག། རྡོ་རྗེ་རྡོ་རྗེ་མཆོག་ཆེན་པོ།། ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག། བདུད་དང་བདུད་ནི་རབ་འཇོམས་པ།། ཐམས་ཅད་དུ་ནི་བྱང་ཆུབ་ཆེ།། སངས་རྒྱས་སངས་རྒྱས་སྐྱེས
81b5 མཆོག་སྐྱེས། ། རྡོ་རྗེ་ཧཱུཾ་མཛད་ཡི་གེ་ཧཱུཾ།། འཇིག་རྟེན་དབང་ཕྱུག་ནོར་རབ་གསལ།། འདོད་ཆགས་ཆེན་པོ་བདེ་བ་ཉིད།། འདོད་དང་ཐར་པ་ནོར་ཆེ་བ།། དུས་གསུམ་སྲིད་གསུམ་མཆོག་གསུམ
81b6 པ། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། བརྟན་པར་རང་བྱུང་གསལ་བ་སྟེ།། རབ་ཕྲ་སྦོམ་དང་ལེགས་བསགས་པ།། རྒྱུ་བ་རབ་མཆོག་ཐོབ་མཛད་པ།། སྲིད་པ་འཁོར་བར་སྦྱོང
81b7 མཛད་པ། ། ཐོག་མཐའ་མེད་ཅིང་ཐོག་མཐའ་ཅན།། མདངས་ལྡན་དང་པོར་ཐམས་ཅད་གནས།། སྙིང་པོ་ཕྱག་རྒྱ་སྦྱོར་དམ་ཚིག། དེ་ཉིད་བདེན་པ་མཆོག་པ་སྟེ།། དེ་བཞིན་གཤེགས་པའི་དངོས




iiif viewer powered by OpenSeadragon

81a - 82a

Texts on this page