| | e-texts navigator
|
81a1 ཡིན་ནོ། ། རྡོ་རྗེ་ཐལ་མོ་ཁ་དབྱེ་དབུལ།། བུམ་པ་གང་དག་ཇི་སྙེད་པའི།། མེ་ཏོག་སོགས་ཀྱིས་ཡང་དག་མཆོད།། བ་དན་རྩེ་མོར་དྲིལ་བཏགས་པ།། མཚམས་ཀྱི་ཆར་ནི
81a2 གཞག་པར་བྱ། ། བུམ་པ་སྤོས་ཆུས་གང་བ་ལ།། དེ་ནས་རྡོ་རྗེ་མཆོད་ཡོན་ནི།། ལྕུག་མ་ལ་ནི་ཡོངས་སུ་བཟླས།། དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆུར་སྒྲུབ་པ་ནི་འདི་ཡིན་ཏེ།།
81a3 ཧཱུཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་བྷ་ས་མ་ཡོ་ད་ས་དད་ཨ་བྷི་ཥིཉྩ། སརྦ་སུ་ཁ་སཽ་མ་ན་སྱཱ་ནུ་ད་ད་ཀུ་རུ་ཀུ་རུ། ཛཿཧཱུཾ་བཾ་ཧོ། འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་བདག་ཉིད་ལ་རྡོ་རྗེས་དབང་བསྐུར
81a4 བྱའོ། ། བསང་གཏོར་བྱ་བ་དང་། འཐུངས་པས་ཀྱང་སྡུག་བསྔལ་ཐམས་ཅད་བསལ་བ་དང་། བདེ་བ་ཐམས་ཅད་འཕེལ་བར་འགྱུར་རོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས
81a5 སོ། ། དེ་ནས་འཁོར་ལོར་མ་ཞུགས་ཀྱང་།། རང་ཉིད་ཐོག་མར་བྱུང་ཞུགས་ཤིང་།། རྡོ་རྗེ་ཀུན་གྱི་སློབ་དཔོན་ཆེ།། རྡོ་རྗེ་ཅན་གྱིས་རང་བྱིན་རློབ།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན།། རང་ཉིད་ཁྲུས
81a6 བྱས་དྲིས་ལེགས་བྱུགས། ། ཅི་རྙེད་པ་ཡི་རྒྱན་གྱིས་བརྒྱན།། ཤིན་ཏུ་དམར་བའི་གོས་བགོ་ཞིང་།། མེ་ཏོག་འཕྲེང་བཏགས་ཁ་དྲིས་བསྒོ།། རྣམ་སྒེག་དགའ་བའི་རྡོ་རྗེ་དང་།། རྡོ་རྗེ་གར་གྱིས
81a7 སྦྱོར་བ་ཡིས། ། སྤྱི་བོར་མེ་ཏོག་ཐལ་སྦྱར་ནས།། གནས་དེ་མགོན་ལ་ཕྱག་བྱའོ།། ཞུགས་ནས་དཀྱིལ་འཁོར་དེ་ལ་ནི།། བསྐོར་བ་དག་ནི་ལན་གསུམ་བྱ།། དེ་ནས་མདུན་དུ་འདུག་ནས་ནི།།
iiif viewer powered by OpenSeadragon
80b - 81b