e-texts navigator
Collection
Volume
Page
Wylie

80b1 ། དང་།། ལྕགས་སྒྲོག་དེ་བཞིན་དྲིལ་བུ་མའི།། བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཥེ་ཧཱུཾ། བཛྲ་ཤྲཱི་ཁ་ལེ་བཾ། བཛྲ་གྷཎྚེ་ཧོ།། དམ་ཚིག་མཆོག་ནི་ཐམས་ཅད་ཀྱི།། དགོངས་ཤིང་བརྟག་པ་ཉིད་དུ
80b2 འགྱུར། ། རྡོ་རྗེ་ལྷ་མོ་ལ་སོགས་པ།། དངོས་གྲུབ་ཀུན་ལ་འབྱུང་བར་འགྱུརརོ།། གསོལ་ཀ་བ་ནི་གཡོགས་མོ་ཡི།། གཙོ་མོ་དང་། ཕོ་ཉ་དང་། བྲན་མོ་དང་། དེ་ནས་སྐུ་མཆོག་ལ་སོགས་པ
80b3 མངོན་བྲིས་ཡང་དག་བསྒྲུབ་པར་བྱ། ། དམ་ཚིག་མཆོག་ནི་བཅིངས་ནས་སུ།། ཛཿཧཱུཾ་བཾ་ཧོ་ཞེས་བརྗོད་བྱ།། སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི།། རྡོ་རྗེ་སྤྱན་གྱི་སྤྱན་སྔར་འདུག།
80b4 བདེ་བ་ཆེན་པོ་རྡོ་རྗེ་མཆོག། བདག་པོ་ལན་ཅིག་ཡང་དག་དགུག། ཧཱུཾ་མ་ཧཱ་སུ་ཁ་བཛྲ་སཏྭ། ཡ་ཧི་ཤཱི་གྷྲ~ཾ། མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷཱ་ཡ། ཨ་ནུ་པཱ་ལཱ་ཡཱ། པྲ་བུདྡྷ་སུ་ར་ཏ་ཏྲཾ་ཨ་ནུ་རཀྟོ་མེ་བྷ
80b5 བཀྵ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥ་ཡོ་མེ་བྷ་ཝ། བྷ་ག་བྷཾ་ན་ན་ད་ནི་ས་སཏྟེ། སརྦ་སིདྡྷི་མྨེ་པྲ་ཡཙྪ། ཨ་ཤཾ་ཏ་མ་ཏྲྀ་ཥ་ཨཱ་བེ་ཤ་ཡ་ས་མ་ཡེར་བདྡྷ། བ་ཤཱི་ཀ་རེ་མེ། ཡཻ་མེར་མུ་དྲཱ་བཱ་དཾཿཛ
80b6 ཧཱུཾ་བཾ་ཧོ། འདི་ཡིས་བཅོམ་ལྡན་འདས་རྟག་པར།། དཀྱིལ་འཁོར་དུ་ནི་རང་ཉིད་གཤེགས།། བཀུག་ཅིང་བཅུག་ལ་ཤིན་ཏུ་བརྟན།། དབང་དུ་གྱུར་ན་རབ་ཏུ་ཐུབ།། ཅེས་བཅོམ་ལྡན་འདས
80b7 དམ་ཚིག་ཆེན་པོས་གསུངས་སོ། ། རྡོ་རྗེ་སློབ་དཔོན་རང་ལྷ་ནི།། འོད་ཟེར་ཀུན་ཏུ་སྟོན་ལ་སོགས།། མཚན་མ་རྣམ་པ་མང་པོ་ནི།། ངོ་མཚར་གྱུར་པ་མཐོང་བར་འགྱུར།། དེ་ནས་རྡོ་རྗེ་མཆོད




iiif viewer powered by OpenSeadragon

80a - 81a

Texts on this page