e-texts navigator
Collection
Volume
Page
Wylie

79a1 བླ་ན་མེད་ཅིང་མཉམ་མེད་པ། ། ནམ་མཁའ་ཀུན་ལ་རབ་ཏུ་གནས།། མཆོག་སྟེ་ཡི་གེ་དམ་པ་ཡིན།། དཀྱིལ་འཁོར་གནས་ནི་སྦྱང་བྱས་ལ།། དེ་ཡི་དབུས་སུ་ཆོ་ག་བཞིན།
79a2 དངོས་གྲུབ་བྱིན་རླབས་ཆོ་ག་ཡིས།། དཀྱིལ་འཁོར་དེ་ནི་གྲུབ་པར་བྱ།། གླུ་དང་རོལ་མོའི་ཆོ་ག་དང་།། མེ་ཏོག་སྤོས་སོགས་མཆོད་པ་ཡི།། ཅི་རྙེད་པ་དོང་ཙོ་འདོད་པར།། མཆོག་དང་པོར་ནི་བརྟ
79a3 པར་བྱ། ། མཆོག་གི་དང་པོར་མཐའ་ཡས་མཆོག། བླ་ན་མེད་ཅིང་དཔེ་མེད་པ།། ནམ་མཁའ་ཀུན་ལ་རབ་ཏུ་གནས།། གྲོང་ཁྱེར་དག་ནི་མི་འགྱུར་མཆོག། ཐོག་མ་མེད་མཆོག་བརྟག་པའི་ཕྱིར།།
79a4 སངས་རྒྱས་འབྱུང་བའང་རབ་ཏུ་བཞུགས།། ཀུན་མཆོག་མཉམ་པ་ཉིད་རྟེན་པས།། ལྷག་དང་མ་ཚང་མེད་ཀུན་གང་།། མཐའ་དང་དབུས་མེད་ནམ་མཁའ་ནི།། འདི་ནི་དབུ་མར་རྣམ་བརྟག་པས།
79a5 ཕྱག་རྒྱ་སྦྱོར་བའི་ཏིང་ངེ་འཛིན་གྱིས།། དེ་ཡི་དབུ་མར་རྣམ་དག་ཉིད།། དེ་ཡི་དབུས་སུ་པདྨའི་གཟུགས།། ཡུ་བར་བཅས་པ་རབ་ཏུ་གཞག། སྣ་ཚོགས་པདྨས་ཡང་དག་ཁེབས།། ཐམས་ཅད་ད
79a6 པའི་གདན་དེ་ཡིན། ། དེ་ནས་སྲད་བུ་ཉིས་འགྱུར་དུ།། བྱས་པའི་ཐིག་ནི་གདབ་བྱ་སྟེ།། ནམ་མཁའ་ཀུན་གྱི་ཚང་ཡི་ཕྱིར།། གདུལ་བྱའི་བློ་ནི་མཐའ་ཡས་པས།། ཚད་ནི་ཚད་མེད་པ་ཡིན་ནོ།།
79a7 མི་མཉམ་མེད་པས་ཟུར་བཞི་པ།། དྲན་དང་དབང་པོའི་སྒོ་བཞི་སྟེ།། བསམ་གཏན་རྣམས་ཀྱི་རྟ་བབས་བཞི།། ཏིང་འཛིན་ཁམས་སུ་བཤད་པ་ཡིན།། ཁྱམས་ལ་རྟེན་པའི་རྡོ་རྗེའི་བདག




iiif viewer powered by OpenSeadragon

78b - 79b

Texts on this page