e-texts navigator
Collection
Volume
Page
Wylie

75b1 སྦྱར་བྱ། ། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ལས། བདེ་བ་ཆེན་པོའི་ཐམས་ཅད་ཀྱི་དམ་ཚིག་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བའི་རྒྱུད་ཕྱི་མའི་ཆོ་ག་རྒྱས
75b2 པ་ཡོངས་སུ་རྫོགས་པའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོངས་སུ་མཐར་ཐུག་པ་མེད་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ
75b3 ཐམས་ཅད་ལས་ཀྱི་སྦྱོར་བ། རྡོ་རྗེ་འཆང་བ་དང་བཅས་པ་རྣམས་ཀྱིས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་འདི་སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་ཁྱབ
75b4 ཅིང་སྤྲོ་བ་དང་། དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྲིད་པ་ཐམས་ཅད་ཀྱི་རྩེ་མོའི་ཡོངས་སུ་མཐར་མ་ཐུག་པའི་གསུང་རབ་ཡོངས་སུ་མཐར་ཐུག་པའི་དོན་དུ། ཐོག་མ་དང་མཐའ་མ་མེད
75b5 པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ། ། རྡོ་རྗེ་ནམ་མཁའ་ཆེན་པོ་ཡི།། ཆོས་ཀྱི་དབྱིངས་ནི་སྤྲོ་བ་མཆོག། རྡོ་རྗེ་ནམ་མཁའ་ཆེན་པོ་ཡི།། ཆོས་དབྱིངས་སྤྲོ་བའི
75b6 དངོས་གྲུབ་སྟེར། ། རྟག་ཏུ་སངས་རྒྱས་ཐམས་ཅད་ནི།། རྡོ་རྗེ་འཆང་ཆེན་བཅས་པ་དང་།། རྡོ་རྗེ་འཆང་གི་ཐེག་པ་ནི།། ཡོངས་སུ་མཐར་ཐུག་ནུས་པ་མིན།། ཨེ་མའོ་མངོན་ཞེན་སེམས
75b7 ཅན་དང་། ། ལེ་ལོ་ཅན་དང་ལས་ཀུན་དང་།། ཐུགས་རྗེ་དམ་པའི་རྡོ་རྗེ་ཁྱོད།། བྱང་ཆུབ་སེམས་ནི་བླ་ན་མེད།། བདེ་བ་ཆེན་པོ་རབ་སྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། རྟོག་པ




iiif viewer powered by OpenSeadragon

75a - 76a

Texts on this page