e-texts navigator
Collection
Volume
Page
Wylie

74b1 བས་སོ། ། དབུས་མ་རྡོ་རྗེ་ལས་ནི་འོག་ནས་འབྱུང་སྟེ། ཉེ་བར་ལོངས་སྤྱོད་པ་དང་། ཐམས་ཅད་ལ་དགུག་པར་བྱེད་པ་དང་། དབབ་པ་སྦྱིན་པ་དང་། འབར་བའི་མེ་རྟག་བྱེད་པ་དང་། ཉེ་བར
74b2 ལེན་པ་དང་། རླུང་གི་ཚུལ་དང་། ནམ་མཁར་བསྒོམས་པ་ལས་དུས་མོའོ།། དབུས་མའི་རྡོ་རྗེའི་ལུས་ནི་ཕྱག་རྒྱས་གཞོམ་པ་དང་། རྩེ་མོ་གཉིས་སྙིང་ཁར་བཙིར་བ་དང་། སེན་མོ་དྲུང
74b3 པ་དང་། མིག་ལ་རེག་པ་དང་། བཙུམ་པ་དང་། སེན་མོ་མཉམ་པོས་སྙིང་ཁར་བཏེག་པ་དང་། ལྷུང་བ་དང་། གློད་པར་བྱེད་པ་དང་། ཕན་ཚུན་རྡེག་པ་དང་། རང་གི་སྙིང་ཁར་རང
74b4 བཞིན་དུ་གཞག་པའི་ལས་སོ། ། དབུས་མའི་རྡོ་རྗེ་ལས་ནི་མདའ་གཏོད་པ་དང་། ལྕགས་སྒྲོག་གཉིས་ཀྱིས་དགུག་པ་དང་། གཡོན་པ་ལ་གཡས་པ་བཅུག་པ་དང་། རྩེ་མོ་བསྐྱོད་པ་དང་།
74b5 གདུ་བུར་བཅིང་བ་དང་། མྱུར་དུ་དགྲོལ་བ་དང་། སོར་མོ་མཉམ་པོར་མྱུར་དུ་དྲལ་བ་དང་། ལྷུང་བ་དང་། འོག་ནས་བཏེག་པ་དང་། གཡོན་པ་གཡས་པས་དྲང་བ་དང་། ལས་ཐམས་ཅད
74b6 ལ་སྦྱར་བར་བྱ་བ་དང་། འོག་ནས་བསྐྱོད་ཅིང་གྱེན་དུ་དྲང་བ་དང་། ཚུར་འདྲེན་པ་དང་། ཕར་གཏད་པ་དང་། གཡོན་དང་གཡས་ཀྱིས་དྲག་པོར་འདེགས་པ་དང་། རང་གི་སྙིང་ཁར་རྩེ་མོ
74b7 འདྲེན་པ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱོང་བར་བྱེད་པའི་ལས་དང་། སྙིང་ཁར་འཁོར་ལོ་གཞུག་པ་དང་། དབང་བསྐུར་བའི་འཕྲེང་བ་དང་། དར་དབྱངས་འཆིང་བར་བྱེད་པ




iiif viewer powered by OpenSeadragon

74a - 75a

Texts on this page