e-texts navigator
Collection
Volume
Page
Wylie

74a1 སྤྱི་བོ་དང་། དཔྲལ་བར་བཞག་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཕྲེང་བ་བཅིངས་ལ་གོ་ཆ་བྱས་ཏེ། མདུད་པ་བྱས་ནས་རྡོ་རྗེའི་གནས་རྣམས་སུ་སླར་ཡང་འཕྲེང་བ་བྱས་པས་རྒྱབ་ཏུ་མདུད
74a2 པ་བྱ་སྟེ་དར་དབྱངས་བྱའོ། ། སྙིང་ཁར་དང་། དཔྲལ་བ་དང་། མགྲིན་པ་དང་། སྤྱི་བོར་གཞག་པར་བྱའོ།། དབུས་མའི་དར་མཆོག་གོ།། བྱབ་པའི་གྱེན་དུ་ཁ་བལྟས་པའི་དབུགས་པ་དང་འཇིག
74a3 པའི་གདོང་གིས་བལྟ་བས་སོ། ། འབར་བ་བཞིའི་ཚུལ་གྱིས་འདོར་ཞིང་ཁྲོས་པའོ།། རང་གི་སྙིང་ཁར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ།། བལྟ་བས་འཕྲོག་པར་བྱའོ།། དབབ་པར
74a4 མྱུར་དུ་དགྲོལ་བར་བྱའོ། ། ཡོངས་སུ་བསྐོར་ནས་དཔྲལ་བར་གཞག་སྟེ་དབུས་མའི་རྡོ་རྗེ་སོར་མོའི་རྩེ་མོ་གཉིས་བསྐྱོད་པར་བྱས་ན་ཅི་ལ་བཞིན་དུ་ལས་བྱེད་པའི་སྙིང་ཁར་གཞག་སྟེ། དབུས་མ་རྡོ་རྗེའི་ལས
74a5 ནི། འདི་ལྟ་སྟེ། སྙིང་ཁར་སྟོད་པ་དང་། བསྐྱེད་པ་དང་། བཅིང་བ་དང་། གར་བྱེད་དུ་བཅུག་པ་དང་། མགྲིན་པ་བསལ་བ་དང་། རྩེ་མོ་བཙིར་བ་དང་། ཁ་འབུས་པ་དང་། མགྲིན་པ་བསལ
74a6 བ་དང་། བཅིངས་པ་མྱུར་དུ་དགྲོལ་བ་དང་། སྲུང་བ་དང་། བྱབ་པའི་ལས་སོ།། སྙིང་ཁ་ཁ་སྦྱོར་བ་སྐྱོད་པའོ།། ཉིན་རེ་བཞིན་སྔ་རོལ་དུ་ལན་ཅིག་ལུས་ཡོངས་སུ་སྦྱང་བ་དང་། མགྲིན་པ
74a7 བསལ་བའི་ངག་དང་། རྙིང་ཁར་གཞག་པ་དང་། ཕྱག་རྒྱ་ལྟ་བ་སྟེ། ཉིན་རེ་སྔ་རོལ་དུ་ལན་ཅིག་དབང་པོ་ཐམས་ཅད་ཀུན་ཏུ་བསོར་བར་བྱའོ།། དབུས་མ་རྡོ་རྗེས་བྱེད་པ་ནི་ཁྲོ་བའི་རྡོ་རྗེའི་ལྷ




iiif viewer powered by OpenSeadragon

73b - 74b

Texts on this page