e-texts navigator
Collection
Volume
Page
Wylie

71b1 ཉིན་རེ་སྔ་རོལ་དུས་ཇི་བཞིན།། དང་པོའི་རྡོ་རྗེ་བདེ་བ་ཆེ།། འདི་ནི་རྡེག་པ་ཐམས་ཅད་ལ།། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པས།། དམ་ཚིག་ཡང་དགྲ་བཅིངས་ནས་གྲུབ།། ཕྱིན་ས་མ་བསྒྲུབས
71b2 ཀྱང་གྲུབ་འགྱུར། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བའི་སྔགས་སྒྲུབ་པ་འདི་གསུངས་སོ།། ལངས་པ་འམ་ནི་འདུག་པའམ།། གང་དང་དེར་ནི་གནས
71b3 པའོ། ། ཐམས་ཅད་རྗེས་ཆགས་རྣལ་འབྱོར་གྱིས།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་གསུངས
71b4 སོ། ། གསང་བའི་གར་མཆོད་མཆོད་པ་འམ།། ཡང་ན་མཆོད་པ་ཙ་བདེ་བར།། བྱས་ཏེ་མགོན་པོ་བསྒྲུབས་བྱས་ནས།། མཆོག་གི་དངོས་གྲུབ་མྱུར་དུ་འཐོབ།། དེ་ནས་རང་གི་ཕྱག་རྒྱས
71b5 བདག་ཉིད་སྒྲུབ་པའི་རྒྱུད་ནི། ཕྱག་རྒྱ་ཆེན་པོ་མཉམ་བཞག་སྟེ།། རང་གི་སྙིང་པོས་ལན་ཅིག་སྒྲུབ།། བརྟན་ཞིང་ཤིན་ཏུ་དགྱེས་ཀུན་ཆགས།། ཤིན་ཏུ་དགྱེས་མྱུར་བདག་པོ་གྲུབ།།
71b6 དེ་ནས་ཡི་གེ་ཧཱུཾ་གི་གླུ་བླངས་པའི་གྲུབ་པའི་རྒྱུད་ནི། རི་བྷི་ད་སོགས་རྒྱན་དང་ལྡན།། ཅི་ནུས་པ་དང་ཅི་འདོད་པ།། དྲི་ཟ་དང་པོ་བླངས་ནས་ནི།། ཡི་གེ་ཧཱུཾ་གིས་གྲུབ་པར་འགྱུར།། ཞེས་བཅོམ
71b7 ལྡན་འདས་ཆགས་པ་ཆེན་པོ་དང་པོའི་རྡོ་རྗེ་སེམས་དཔས་གསུངས་སོ། ། དེ་ཁོ་ན་ཉིད་ཆེན་པོའི་གསང་བའི་དངོས་གྲུབ་སྒྲུབ་པའི་རྒྱུད་དོ།། རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཤད




iiif viewer powered by OpenSeadragon

71a - 72a

Texts on this page