| | e-texts navigator
|
68b1 ལོ་དམ་པ་སྟེ། ། འབར་བའི་འཁོར་ལོ་དེ་བཞིན་དུ།། པདྨ་འདབ་བརྒྱད་ནོར་བུ་ཆེ།། དེ་ནས་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རྒྱུད་ནི། དཀྱིལ་འཁོར་བརྟག་པར་བྱས་ནས་ནི།། ནང་གི་རིམ་པར
68b2 ཞུགས་བྱ་སྟེ། ། དཀྱིལ་འཁོར་བདག་ལ་ཛཿཧཱུཾ་བཾ།། ཧོ་བྲང་སིད་དྷུ་བ་བརྗོད་བྱ།། དེ་ནས་རྡོ་རྗེ་སེམས་དཔའ་དེ་ཉིད་ནི། སངས་རྒྱས་ལ་སོགས་འགྲོ་ཀུན་གྱིས།། ཐམས་ཅད་བདག་ཉིད་བཅོམ་ལྡན
68b3 མཆོག། སེམས་ཅན་འབྱུང་ཕྱིར་སེམས་དཔའ་ཆེ།། རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས།། དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པའི་སེམས་དཔའ་མི།
68b4 རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། འཁོར་བ་མྱ་ངན་འདས་དེ་བཞིན།། དེ་ནས་ཐོག་མ་དང་མཐའ་མ་མེད་པའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པ
68b5 ཐམས་ཅད་ནི། ། ནམ་མཁའ་འབྱུང་བ་ཆེན་པོའི་གནས།། ནམ་མཁའ་སྐྱེ་བ་སྐྱེ་མེད་ཕྱིར།། རྡོ་རྗེ་སེམས་དཔའ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་བཤད་པའི་རྒྱུད་ནི།། རབ
68b6 ཏུ་དགའ་ཕྱིར་ཉོན་མོངས་ཏེ། ། འདོད་པ་ཐམས་ཅད་བདེ་འདོད་པ།། དེ་ལ་བདེ་བ་རྣམ་དག་ཕྱིར།། སྲིད་གསུམ་སྔ་རོལ་བཅོམ་ལྡན་འབྱུང་།། དེ་ནས་དང་པོའོ་སྙིང་པོའི་དེ་ཁོ་ན་ཉིད་བཤད་པའི
68b7 རྒྱུད་ནི། ཆགས་པ་ཀུན་ལས་ཆགས་པ་ཆེ།། འདོད་ལྡན་ཐམས་ཅད་སད་པར་བྱེད།། འདོད་ཆགས་འབར་བ་དྲི་ཟ་ཡི།། སྙིང་པོའི་ཕྱག་རྒྱ་རྡོ་རྗེའོ།། དེ་ནས་ཡི་གེ་ཧཱུཾ་གི་གླུ་བླང་བའི་རྒྱུད་ནི
iiif viewer powered by OpenSeadragon
68a - 69a