| | e-texts navigator
|
67a1 མཆོད་པའི་ཆོ་ག་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པ་ནི། ཉིན་རེ་མངོན་དུ་ལན་ཅིག་ཏུ།། སྙིང་པོ་རང་ཉིད་སྒྲུབ་པ་སྟེ།
67a2 རང་གིས་བཅིངས་ནས་མདོར་བསྡུས་པ།། ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར།། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་གྲུབ་པ་ནི། སྙིང་པོའི་ཕྱག་རྒྱ་སྔགས་རིག་པའི།། སྒྲུབ་པ་འདི་ནི་རྨད
67a3 དུ་བྱུང་། ། ཅི་ནུས་ཅི་འདོད་བཟླས་པ་ཡིས།། ཉེ་བའི་སྙིང་པོ་གསང་བའོ།། དོན་ཡོད་ཐོགས་མེད་གསང་བ་དང་།། རང་བཞིན་གྲུབ་པ་དེ་བཞིན་དུ།། བསོད་ནམས་མེད་པ་རྣམས་ལ་ཡང་།།
67a4 དངོས་གྲུབ་ཀུན་ལ་གྲུབ་པར་འགྱུར།། དཀྱིལ་འཁོར་མ་ཞུགས་པ་རྣམས་ལ།། སྙིང་པོ་མཆོག་འདི་སྦྱིན་མི་བྱ།། གསང་བའམ་གསང་རྒྱུད་དམ་པ་ནི།། གལ་ཏེ་དངོས་གྲུབ་ཡིད་འོང
67a5 འདོད། ། གང་གི་ཁྱིམ་དུ་གནས་གྱུར་པའི།། ཕྱག་རྒྱ་སྔགས་འདི་དགེ་བ་སྟེ།། གཞན་གྱིས་མི་ཐུབ་མི་སོད་ཅིང་།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། སེམས་ཅན་ཐམས་ཅད་བདེ
67a6 དོན་དང་། ། སྒྲུབ་པ་ཐམས་ཅད་སྒྲུབ་པའི་ཕྱིར།། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས།། རྡོ་རྗེ་མཆོག་འཛིན་དེ་ལ་ཞུས།། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ
67a7 རྣམ་དག་ཕྱིར། ། རྟོགས་པ་ཐམས་ཅད་བསྡུས་པའི་རྒྱུད།། སེམས་དཔའ་ཆེན་པོ་བཤད་དུ་གསོལ།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། འདིར་ནི་རྟོག་པ་གང་ཞིག་བརྗོད།། སྙིང་པོ
iiif viewer powered by OpenSeadragon
66b - 67b