| | e-texts navigator
|
66b1 རྒྱ་ནི་རྡོ་རྗེ་བསྙེམས་མའོ། ། དེ་ནས་ཕྲ་མོའི་ལས་ཀྱི་ཕྱག་རྒྱའི་རྒྱུད་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་ཡིན་ཏེ། མ་མཆུའི་སྤོས་སོ་རྣམས་ཀྱིས་བཟུང་ནས་རྡོ་རྗེའི་ལྷ་བས་བལྟ་ཞིང་ཐམས་ཅད་རྗེས
66b2 སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། རོལ་པ་དང་། བརྟན་པར་བྱེད་པའི་དངོས་གྲུབ་སྐད་ཅིག་གིས་སོ་སོར་ཉམས་སུ་མྱོང་བ་ནི་རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་ཕྲ་མོའི་བྱིན་གྱིས
66b3 བརླབས་ཏེ། དམ་ཚིག་ཙམ་དུ་བལྟ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེ
66b4 མཐོང་བའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་ངོ་། ། ཁྲོ་གཉེར་དང་བཅས་པའི་ཁྲོ་བོས་མི་བཟད་པའི་ལྟ་བ་བྱ་བ་ཤིན་ཏུ་མ་འགལ་བསྡམས་ནས་ཐམས་ཅད
66b5 ལྷུང་བ་དང་། དབབ་པ་དང་། རེངས་པ་དང་། ཉལ་དུ་བཅུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་རྨུགས་པ་དང་། ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ
66b6 སྐད་ཅིག་མས་འབྱུང་བར་འགྱུར་བ། ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རིགས་ལའོ།། བཙུམས་པ་མེད་པས་རྡོ་རྗེ་བལྟ་བས་མཆུ་མཉམ་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་དང་། སྲུང་བ་དང་།
66b7 ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་འབྱུང་བ་ནི་པདྨའི་རིགས་ལའོ།། འབར་བའི་ལྟ་བས་ཞལ་རྣམ་པར་བཞད་པས་དབང་བསྐུར་བ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་།
iiif viewer powered by OpenSeadragon
66a - 67a