e-texts navigator
Collection
Volume
Page
Wylie

65b1 དུག་ཐམས་ཅད་བཅིང་བ་དང་། ཀུན་ལས་བསྡུས་ཏེ་བཏེག་པས་དུག་ཐམས་ཅད་འཇིག་པའོ།། འདི་ཉིད་ཀྱི་དུག་ཐམས་ཅད་ཟ་བ་དང་། འཕོ་བདུག་མེད་པར་བྱའོ།། ཕྱི་རོལ
65b2 གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་དོ། ། དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པའོ་ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེའི་གསང་བའི་དམ་ཚིག་ཆེན་པོ་རྡོ་རྗེ་སེམས
65b3 དཔས་གསུངས་སོ། ། དེ་ལ་སྐུའི་ཕྱག་རྒྱ་ལྔ་ནི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་རིགས་ལའོ།། དམ་ཚིག་གི་ཕྱག་རྒྱ་དེ་བཞིན་གཤེགས་པའི་རིགས་ལའོ།། རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེའི་རིགས་ལའོ།།
65b4 པདྨ་ཆེན་པོ་ནི་པདྨའི་རིགས་ལའོ།། རྡོ་རྗེ་ནོར་བུ་ཆེན་པོ་ནི་ནོར་བུའི་རིགས་ལའོ།། དེ་ནས་གསུང་གི་ཕྱག་རྒྱ་ལྔ་ནི་སྙན་པའི་གླུའི་ཡུལ་ཐམས་ཅད་ཀྱི་ཚུལ་རྣམས་ནུས་པ་ཇི་ལྟ་བའི་གླུའི་རྒྱན
65b5 ཐམས་ཅད་ནི་གླུ་བླངས་ཏེ་བཟླས་པ་ནི་རྡོ་རྗེ་སེམས་པའི་རིགས་ལ་རབ་ཏུ་དགའ་བའི་རྡོ་རྗེའི་ངག་གོ། ། ལྕེ་དང་མཆུ་གཉིས་ཤིན་ཏུ་གཡོ་བ་མེད་ཅིང་ངོས་ཤིན་ཏུ་མ་འབྱར་བ་དབྱངས་དང་བྲལ་བའི
65b6 རྡོ་རྗེའི་དེ་ནི་དེ་བཞིན་གཤེགས་པའི་རིགས་ལ་སྟེ་རིགས་ཐམས་ཅད་དགོས་པའོ། ། སྤྲིན་གྱི་འབྲུག་སྒྲ་ཡི་གེ་ཧཱུཾ་གི་སྒྲ་ཕྲ་མོ་དང་ལྡན་པ་ནི་རྡོ་རྗེ་ཞེས་བྱ་བའི་ངག་རྡོ་རྗེའི་རིགས་སོ།། ཏིང་ངེ་འཛིན
65b7 གྱི་ངག་པདྨའི་རིགས་ལ་སྟེ་ཐམས་ཅད་དག་པའི་པདྨ་ཞེས་བྱའོ། ། ཆོས་ཀྱི་ངག་ནོར་བུའི་རིགས་ལ་སྐྱེ་མཆོད་པའི་ནོར་བུའོ།། དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔ་སྟེ། ཐམས་ཅད་བསྒྲུབ་པར་བྱ་བ་ལ་ནི




iiif viewer powered by OpenSeadragon

65a - 66a

Texts on this page