e-texts navigator
Collection
Volume
Page
Wylie

64b1 ། བསྒྲུབ་པར་བྱ་བའི་མྱུ་གུའོ།། ཁ་སྦྱར་ནས་ཕྲིན་ལག་དང་མཐེའུ་ཆུང་མཉམ་པོ་ཁ་ཕྱེ་བས་མཆོག་གི་དར་དབྱངས་འཛིན་པའོ།། དབུས་མའི་ནོར་བུའོ།། མཐེའུ་ཆུང་གི་ཌྷྭེ་ནོའོ།། འོག་ཏུ
64b2 གཏོར་བའོ། ། རྡོ་རྗེ་བསྡམས་པ་ལས་ནི་བཛུབ་མོ་མོ་རང་བུའི་བཟུང་བའི་འགྲེང་བའོ།། རྡོ་རྗེ་རིན་པོ་ཆེའི་གསུམ་བདུན་དང་ལོགས་གཉིས་སུ་བཅིང་བར་བྱའོ།། རྡོ་རྗེ་རིན་པོ་ཆེའི་མཛད་སྔ
64b3 ཕྱོགས་སུ་གཞག་སྟེ་མཛུབ་མོའི་རྩེ་མོས་སྟེང་དུ་འདུད་པ་དར་དཔྱངས་ཀྱི་ཚུལ་དུ་བྱའོ། ། མཐེ་བོང་གཉིས་བརྟན་པའི་སྐྱིལ་མོ་ཀྲུང་བྱས་ལ་མཛུབ་མོ་གཉིས་བཀུག་ནས་མཉམ་པའི་ཁ་འབུས
64b4 པའི་མཆོག་གི་ལུས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གོ། དེས་སྤྱི་བོ་ནས་བརྩམས་ཏེ། མདུན་དང་། གཡས་དང་། རྒྱབ་དང་། གཡོན་དུ་བྱ་བ་བྱས་ནས། དེ་བཞིན
64b5 དུ་མདུན་དང་། རྒྱ་བ་དང་། ལོགས་གཉིས་སུ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་བཀྲོལ་བ་བྱས་ནས། འཕྲེང་བ་བཅིངས་པའི་མདུད་པ་བྱ་ཞིང་དར་དཔྱངས་ཀྱི་ཚུལ་དུ་བྱ་སྟེ།
64b6 རྡོརྗེ་སེམས་དཔའི་དབང་བསྐུར་བ་དང་སྲེད་པ་གསུམ་གྱི་དབང་ཕྱུག་ཐམས་ཅད་ཀྱི་མཆོག་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ཡིན་ནོ།། རྡོ་རྗེ་ཐམས་ཅད་ཀྱི་རྟོགས་པ་ཐམས་ཅད་ནི་གོང་དུ་ཇི་ལྟ
64b7 བཞིན་ནོ། ། དེ་ནས་ཕྱིའི་ཕྱག་རྒྱ་ཤེས་པར་བྱ་བ་ནི་འདི་ཡིན་ཏོ། ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་སུ་མདའ་གཏོད་པའི་ཕྱག་རྒྱའོ།། དམ་ཚིག་གི་འཇུག་པ་ནི་མཛུབ་མོ




iiif viewer powered by OpenSeadragon

64a - 65a

Texts on this page