e-texts navigator
Collection
Volume
Page
Wylie

64a1 ཁྱད་པར་དང་ཁུ་ཚུར་གྱི་ཁྱད་པར་རོ།། ཁ་འབུས་པའི་ཐལ་མོ་ལས་མཐེ་བོང་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་པའི་པདྨ་ཆེན་པོའོ།། ཐམས་ཅད་བཅིང་བ་ནི་ཇི་ལྟ་བ
64a2 བཞིན་ནོ། ། ཁུ་ཚུར་གྱི་ཁྱད་པར་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་མ་ཉམས་པར་བརྐྱང་ལ་དབུས་མ་གཉིས་ཕྱི་རོལ་ཏུ་གཤེབས་པ་དང་བཅས་པ་གཞག་པ་སྟེ། དེ་གཉིས
64a3 སུ་བྱས་པ་པདྨའི་ཁུ་ཚུར་རོ། ། དེ་ལས་ལས་ཀྱི་ཕྱག་རྒྱ་རྣམས་ནི་པདྨ་ཆེན་པོའི་བཤད་པའོ།། དེ་ཉིད་སྤྱི་བོ་ལའོ།། དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ།། དེ་ཉིད་སོར་མོ་ཐམས་ཅད་ཁ་ཕྱེ་བས་སོ།།
64a4 དེ་ཉིད་རྡོ་རྗེ་གཉིས་གཉིས་ཀྱི་མིག་གོ།། དེ་ཉིད་ལེགས་པར་བྱེད་པའོ།། དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར་བྱའོ།། དེ་ཉིད་གཡོན་པའི་སྐྱེ་གནས་སུ་མཐེ་བོའི་རྟགས་བཅུག་པའོ།།
64a5 དེ་ནས་ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི་རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་ཞིང་མཐེ་བོང་མཉམ་པོ་ལ་མཛུབ་མོ་བཀུག་པ་བཞག་སྟེ། དཔྲལ་བའི་མཛོད་སྤུའི་ཕྱོགས་སུ་བཞག་ན་དབང་བསྐུར
64a6 པ་ཐམས་ཅད་གསོལ་བའོ། ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དེ་བཞིན་ནོ།། དམ་ཚིག་གི་རྡོ་རྗེའི་བསྡམས་པ་ནི་མཛུབ་མོ་བཀུག་པའི་སོར་མོ་མཉམ་པའི་ནོར་བུ་མཐེ་བོང་རྡོ་རྗེས
64a7 བཀབ་པ་རྡོ་རྗེ་ནོར་བུའོ། ། གཞན་རྣམས་ནི་དེ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་རོ།། དེ་གཉིས་སུ་བྱས་རིན་པོ་ཆེའི་ཁུ་ཚུར་རོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་བསྒྲེང་བ




iiif viewer powered by OpenSeadragon

63b - 64b

Texts on this page