| | e-texts navigator
|
63b1 གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་སངས་རྒྱས་ཉིད་དུ་མྱུར་དུ་འཐོབ་པའོ། ། རྡོ་རྗེ་བསྡམས་པའི་འོག་ཏུ་བཅིངས་པས་བསྟན་པའི་སྐྱིལ་མོ་ཀྲུང་ངོ་།། དེ་ནས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས
63b2 པའི་རྒྱུད་ནི་འཇུག་པའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དགུག་པའི་ཕྱག་རྒྱ་དེ་ཉིད་དོ། ། ཕྱག་རྒྱ་ཆེན་པོ་རྣམས་ཀྱང་དེ་བཞིན་ནོ།། དམ་ཚིག་ནི་འོག་ཏུ་རྡོ་རྗེ་བསྡམས་པའི་སོར་མོ་ཐམས་ཅད
63b3 འབར་བའི་ནང་དུ་མཐེ་བོང་རྗེན་རྗེ་ཁྲོ་བོ་ཏི་རན་ཧི་རི་སྟེ། རྡོ་རྗེ་འཆང་ཆེན་པོ་སྒྲུབ་པར་བྱེད་པའོ།། གཞན་དག་ཀྱང་དེ་བཞིན་ནོ།། ཆོས་ཀྱི་རྣམས་ནི་དེ་བཞིན་ཏེ། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན
63b4 ནོ། ཁུ་ཚུར་གྱི་ཁྱད་པར་རོ།། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་སྡིགས་མཛུབ་བོ།། དམ་ཚིག་ལས་བྱུང་བ་དེ་བཞིན་ནོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། ལག་པ
63b5 རྡོ་རྗེའི་མཐེའུ་ཆུང་གདུ་བུར་བཅིངས་པའི་སྔགས་མཛུབ་ནི། རྡོ་རྗེ་ཧཱུཾ་མཛད་དེ་གཡོན་བརྐྱང་བས་གནས་པའོ།། གཡོན་པའི་མཛུབ་མོའི་རྡོ་རྗེ་སྡིགས་མཛུབ་བོ།། སྣའི་དབུགས་དང་ཡི་གེ
63b6 ཧཱུཾ་གིས་སོ། ། ཁྲོས་པ་ཡི་གེ་ཨ་སྦྱར་བར་བྱའོ།། ཧ་ཧར་དགོད་པ་བཞད་པར་བྱའོ།། སྙིང་ཁར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་པདྨའི་རིག་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད
63b7 ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་མཛུབ་མོ་གཉིས་བཀུག་ལ་དེའི་སྙིང་ཁར་གཞག་པ་ནི་རྡོ་རྗེ་པདྨའོ། ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་ནོ།། དམ་ཚིག་གོ།
iiif viewer powered by OpenSeadragon
63a - 64a