e-texts navigator
Collection
Volume
Page
Wylie

61b1 གིས་རྡོ་རྗེ་བསྣུན་པར་བྱའོ། ། དེ་ཉིད་རྣམ་འགྱུར་བའི་གདོང་བས་སོ།། དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར་གྱེད་དུ་ཁ་བལྟ་བས་གནས་པའོ།། དེ་ཉིད་ཀྱིས་ནམ་མཁའ་ལ་གདེག་པའོ།།
61b2 གཡོ་ཞིང་བཙུམ་པའི་མིག་གིས་ཕྱག་རྒྱ་བཅིངས་པར་དཀྲོལ་བའོ།། མཐེའུ་ཆུང་གིས་ནོར་བུས་རེག་པ་བྱའོ།། མཛུབ་མོ་མཉམ་པོས་ཞབས་ཀྱི་སོར་མོ་རྗེ་བར་བྱ་སྟེ། བཟའ་བ་འམ་ཡིད་ཀྱིས
61b3 གཞག་པར་བྱའོ། ། མཛུབ་མོས་སྦྱིན་སྲེག་བྱེད་པའོ།། རབ་ཏུ་དགའ་བའི་རྡོ་རྗེ་གདོང་པར་དགྲོལ་བར་བྱའོ།། སྦྱིན་སྲེག་བྱེད་པའོ།། མཐེའུ་ཆུང་གཉིས་སྐྱེ་གནས་ལ་སྦྱར་ཏེ་ཕྱག་རྒྱ
61b4 བྲལ་བར་བྱའོ། ། སྲིན་ལག་དང་མཐའ་མ་མཉམ་པར་སྦྱར་སོར་མོ་བ་དན་གྱི་ཚུལ་དུ་བསྒྲེང་བར་བྱའོ།། རྡོ་རྗེ་བསྡམས་པས་ལེགས་པར་བྱེད་པ་མཛུབ་མོའི་མཐེ་བོང་མཉམ་པོ་བྱེ་བ་དང
61b5 བཀུག་པ་བསྐོར་ནས་དྲལ་བར་བྱའོ། ། རྡོ་རྗེ་བསྡམས་རབ་ཏུ་བརྐྱང་བའི་མཐིལ་ལས་རེག་པར་བྱའོ།། དང་པོའི་རྡོ་རྗེ་སྦྱིན་བསྐྱེད་པའོ།། མཛུབ་མོས་ཆར་བསྐྱེད་པར་བྱའོ།། མཛུབ་མོས
61b6 བཟློག་པར་བྱའོ། ། རྡོ་རྗེ་ལྟ་བས་འཕྲོག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་བཤད་དོ།། མཛུབ་མོ་གཅིག་གི་ནོར་བུའོ།། མཐེའུ་ཆུང་རྡོ་རྗེ་སྔོགས་མཛུབ་བོ།། མཛུབ་མོས་ས་འོག་ནས
61b7 ཆུ་མིག་བཀུག་ལ་བསྟན་པའོ། ། བདེ་བ་ཆེན་པོ་རྡོ་རྗེ་ས་ལ་བཟུང་ནས་གཡོ་བར་བྱའོ།། མཛུབ་མོ་གཉིས་ཀྱིས་གདེངས་ཀའི་ཚུལ་བསྟན་པའོ།། མཛུབ་མོ་བཞིའི་འོད་ཟེར་གྱིས




iiif viewer powered by OpenSeadragon

61a - 62a

Texts on this page