e-texts navigator
Collection
Volume
Page
Wylie

61a1 ལ། རིམ་པ་ནང་གི་དཀྱིལ་འཁོར་དུ་ཞུགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ།། རྡོ་རྗེ་སེམས་དཔའི་སྒོམ་པས་དཀྱིལ་འཁོར་ཕྱགས་ན་དམ་ཚིག་ཉམས་པར་ཡང་མི་འགྱུར།
61a2 རོ། དེ་ནས་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་སྤྱི་བོ་དང་། དཔྲལ་བ་དང་། སྙིང་ཁར་བཞག་པ་ཕབ་སྟེ། ཕྱོགས་ཐམས་ཅད་དུ་འབར་བའི་ར་བ་འབྱུང་བར་འགྱུར་ཏེ། རྡོ་རྗེ་ཁྲོ་བོའི
61a3 རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་འཇུག་པར་མི་ནུས་སོ། ། སྙིང་ཁར་སྒོམ་པ་རྡོ་རྗེ་དང་བཅས་པའོ།། གྱེན་དུ་ཁ་ལྟ་བས་ལྷུང་བར་བྱའོ།། རང་གི་གདོང་ཡོངས་སུ་སྦྱངས་ནས་གདོང་པར
61a4 བཀྲོལ་བར་བྱའོ། ། དབུས་མའི་རྡོ་རྗེ་བརྟག་པར་བྱའོ།། དཔུང་འོག་གཉིས་སུ་གཞག་ཅིང་སྤྲིང་ཁར་གཞག་པར་བྱའོ།། དར་དཔྱངས་ཀྱི་དབང་བསྐུར་བ་མཐོང་བའོ།། སྐྱེ་གནས་ལས་དོང
61a5 ཚེ་འབྱིན་པའོ། ། སྤྱི་བོར་གཞག་པར་བྱའོ།། ས་ལ་རེག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེའི་རྟགས་ཀྱི་ལྕགས་ཀྱུས་སོ།། རྩེ་མོ་གཏོད་པའི་སྐྱེ་གནས་བཀྲོལ་བ་ལག་པ་གཡོན
61a6 པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ། ། དེ་བཙིར་བར་བྱའོ།། མིག་བཙུམ་པར་བྱའོ།། བསྐོར་ཞིང་བཙིར་ནས་ཁྲོ་བོའི་ལྟེ་བས་བལྟ་བར་བྱའོ།། ཡོངས་སུ་བསྐོར་ནས་ཁའི་མཐའ
61a7 མཆེ་བ་བསྟན་པའི་གཡས་པའི་མཛུབ་མོས་སྡིགས་མཛུབ་བོ། ། མཛུབ་མོས་བལྟ་བར་བྱའོ།། མཐེ་བོང་བཙིར་བར་བྱའོ།། ཡི་གེ་མུས་ཕྱག་རྒྱ་བཀྲོལ་བའོ།། དང་པོའི་མཐེའུ་ཆུང




iiif viewer powered by OpenSeadragon

60b - 61b

Texts on this page