| | e-texts navigator
|
60b1 མཐེབ་མཛུབ་མོའི་སྐྱེ་གནས་སུ། ། གཡས་པའི་མཐེ་བོའི་ལྷག་བཅུག་ལ།། བཙིར་བ་བདེ་བ་སྟེར་བའོ།། མཛུབ་མོ་ལྕགས་ཀྱུ་བཅིངས་པ་སྟེ།། དཀྱིལ་འཁོར་མཆོག་ཏུ་འཇུག་པར་བྱ།། ཡང
60b2 ན་སེམས་དཔའ་གང་ལ་འཇུག། དེ་དེར་མྱུར་དུ་འགྲུབ་པར་འགྱུར།། རབ་ཏུ་དགའ་བའི་རྡོ་རྗེ་མའོ།། རང་གི་ཁུ་ཚུར་གྱིས་རྡོ་རྗེའི་བདུད་རྩིའི་ཆུ་བླངས་ན་ཆུའི་རྒྱུན་དེས་དབང་བསྐུར་ཏེ་འཐུང་དུ་བཅུག་ན
60b3 དབང་བསྐུར་བར་འགྱུར་རོ། ། དབང་བསྐུར་བ་ཐམས་ཅད་ཀྱིས་ན་ཚོད་དར་ལ་བབ་པ་དང་། ནད་མེད་པ་དང་། དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར་རོ།། འདི་ལ་རིམས་དང་། གདོན་དང་། དུག
60b4 དང་སྦྱར་དུག་དང་། མཁའ་འགྲོ་མ་དང་། ཕྱག་རྒྱ་ལ་སོགས་པས་གནོད་པ་བྱེད་པར་མི་ནུས་སོ།། སྐྱིལ་མོ་ཀྲུང་གིས་ནི་གར་དང་མཆོད་པ་དབུལ་བར་བྱའོ།། དེ་ནས་མཆོད་པ་ནི་རྡོ་རྗེ་གར་གྱིས་སོ།།
60b5 རྡོརྗེ་གླུ་བླངས་པས་རྡོ་རྗེ་གར་དབུལ་བ་ནི་འཁོར་ལོ་སྒྱུར་བའི་གར་གྱིས་སོ།། རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ་རྡོ་རྗེ་གཏོད་པས་རྡོ་རྗེ་མཚོན་ཆ་ལ་སོགས་པར་བསྒྲེང་བར་བྱ་སྟེ། མཐར་སྒེག་མོ་དགའ
60b6 བའི་རྡོ་རྗེ་གསང་བའི་བཞད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བས་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་རྡོ་རྗེ་འཆང་དགྱེས་པས་དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས
60b7 ཅད་ཀྱིས་དངོས་གྲུབ་སྩོལ་བ་ཡིན་ནོ། ། རྡོ་རྗེ་བསྡམས་པ་བཙིར་བ་རང་གི་སྙིང་ཁར་བདེ་བ་བཀྲོལ་ན་དཀྱིལ་འཁོར་བཀྲོལ་བ་ལ་རྡོ་རྗེ་སེམས་དཔའི་སྒོམ་པས་རེ་ག་དང་རྡོ་རྗེ་ཡིད་ཀྱིས་གྱེན་དུ་བཏེག
iiif viewer powered by OpenSeadragon
60a - 61a