e-texts navigator
Collection
Volume
Page
Wylie

59b1 ཀྱི་ཆོ་ག་རྒྱས་པའོ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོའི་རྒྱུད་ནི། བང་པ་གཡོན་དུ་དགོད་བྱ་བ།། ཞབས་ཀྱི་པདྨ་ཅི་བདེར་བྲི།། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས།
59b2 སྐུ་ནི་དྲང་པོར་འཛིན་པ་བདེ།། བསྙེམས་བཅས་རྡོ་རྗེ་གསོར་ནས་ནི།། རྡོ་རྗེ་བསྙེམས་པ་ཡང་དག་འཆང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར།། འདིས
59b3 ནི་རྡོ་རྗེ་སེམས་དཔའ་ཉིད། ། སངས་རྒྱས་ཉིད་དམ་སྲས་ཉིད་དམ། དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཇི་བཞིན་ཕྱག
59b4 རྒྱའི་རྗེས་འབྲངས་ནས། ། མཚན་མའི་ཕྱག་རྒྱར་ལྡན་པ་ཡིས།། སེམས་དཔའ་ཆེན་པོ་རང་ཉིད་འགྱུར།། ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེར
59b5 བཤད་དོ། ། རྡོ་རྗེ་མདའ་ལ་སོགས་པའི་བཞི་པོ་འདི་ལས་བྱུང་ངོ་།། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུའི་ཕྱི་རོལ་ཏུ་མངོན་པར་ཕྱོགས་པའོ།། མཐེ་བོས་འཁྱུད་པའོ།། མཐེ་བོང་གཉིས་ཁ
59b6 ཕྱེ་ལ་མཛུབ་མོ་གཉིས་ཀྱིས་དབུས་མའི་རྩེ་མོ་འདྲེན་ཅིང་སྲིན་ལག་དང་མཐེའུ་ཆུང་མཉམ་པར་སྦྱར་ལ་རྩེ་མོ་སོ་སོར་ཕྱེ་བས་ཆུ་སྲིན་གྱི་རྒྱལ་མཚན་གྱིས་སྒྲེང་བའོ། ། བརླ་གཉིས་ལ་བསྐོར་ཞིང་གནས
59b7 དེ་བཞིན་དུ་མཚམས་རྣམས་ལ་རྡོ་རྗེ་ཐལ་མོས་བསྐོར་བས་སོ། ། སྒོའི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ།། བདེ་ཆེན་མཆོག་གི་ཕྱག་རྒྱ་ཆེ།། དེ་བཞིན་དངོས་གྲུབ་རབ




iiif viewer powered by OpenSeadragon

59a - 60a

Texts on this page