e-texts navigator
Collection
Volume
Page
Wylie

57b1 བདེ་བ་ཆེ་ལས་རྡོ་རྗེ་བརྟན།། རྡོ་རྗེ་ལས་ནི་ཕྱག་རྒྱས་འབྱུང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། གཟུགས་བརྙན་རབ་ཏུ་སྦྱོར་བ་ཡིས།། ཕྱག་རྒྱ་ཐམས་ཅད་བཤད་པ་སྟེ།། དམ་ཚིག་འདའ་བར
57b2 དཀའ་བའོ། ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི།། སངས་རྒྱས་རྡོ་རྗེ་འཆང་ལ་སོགས།། ཡང་དག་བསྡུས་པར་གྱུར་ནས་ནོ།། མཉམ་པའི་འཇིག་རྟེན་གྲུབ་པར་འགྱུར།། ཇི་ལྟར་རྒྱལ་བའི་ཕྱག་རྒྱ
57b3 ཡིས། བཀའ་ནི་འདའ་བར་དཀའ་བ་སྟེ།། དེ་བཞིན་རྒྱལ་བ་ཀུན་གྱིས་ནི།། ཕྱག་རྒྱ་འདའ་བར་ནུས་པ་མིན།། སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་།། དེ་ལྟར་བསྐལ་པ་བྱེ་བ་ཡིས།། ཐོབ་མིན་ཇི
57b4 ལྟར་ཕྱག་རྒྱ་མཆོག། བསྡུས་པ་ཚེ་འདི་ཉིད་ལ་ཐོབ།། ཇི་ལྟར་གདུལ་བའི་འཇིག་རྟེན་ནི།། དེ་བཞིན་དངོས་པོ་གསུངས་པ་ཡིན།། དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ།། དངོས་གྲུབ་ཐམས་ཅད་བྱེད་པ
57b5 མཆོག། དེ་བཞིན་ཆོ་ག་རྒྱས་པ་དང་།། དངོས་གྲུབ་ཐམས་ཅད་གདོན་མི་ཟའོ།། དེ་ནས་དང་པོའི་དཀྱིལ་འཁོར་གྱི།། གསང་བའི་དམ་ཚིག་འདི་ཡིན་ཏེ།། སོར་མོ་ཐམས་ཅད་ཀུན་སྦྱར་ནས།
57b6 རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ།། སོར་མོ་ནང་དུ་བཅིངས་པ་ལས།། རྡོ་རྗེ་བསྡམས་པ་དག་ཏུ་བཤད།། རྡོ་རྗེ་བསྡམས་པའི་ནང་དུ་ནི།། མཛུབ་མོ་མཐེ་བོང་ཡང་དག་སྦྱར།། གཡས་པ་ཡ~ཾ་ནི་མཐེ་བོང་སྟེ།
57b7 བཅུག་སྡེ་བཙིར་བའི་ལྕགས་ཀྱུ་འཛིན།། མདའ་ལྔ་བསྡུས་པ་བཅིངས་པ་ནང་དུ་གནས།། མཐེ་བོང་བསྙེམས་པའི་མཐའ་རྡོ་རྗེ།། དང་པོའོ་བདེ་བ་དམ་པ་སྟེ།། མཐེབ་མཛུབ་རྩེ་སྦྱར་དབུས་མའི




iiif viewer powered by OpenSeadragon

57a - 58a

Texts on this page