e-texts navigator
Collection
Volume
Page
Wylie

56b1 འདས་ཉིད་ངེས་པར་རང་ཉིད་རང་གི་དམ་ཚིག་གི་རྡོ་རྗེ་སློབ་དཔོན་དུ་གྱུར་ནས་འཇུག་པར་མཛད་དོ། ། ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པར་ཡང་མཛད་པ་ཡིན་ནོ།། སྙིང་པོ་འདིའི་བྱིན་རླབས་ཀྱིས་དཀྱིལ་འཁོར
56b2 དུ་མ་ཞུགས་ནའང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་དང་། ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ།། ལན་ཅིག་བཟླས་པས་མི་སོང་བ་དང་། མི་ཚུགས་པ་དང་། ཐམས་ཅད་དུ་སྣ་ཚོགས་པའི་ཡི་གེ་རྣམས
56b3 ཀྱིས་མཐོང་བ་དང་། ཐོས་པ་དང་། རིག་པ་དང་། ཤེས་པ་ཡིན་ནོ།། རྡོ་རྗེ་འཆང་ཆེན་པོ་དང་བཅས་པའི་དེ་བཞིན་གཤེགས་པའི་ཐམས་ཅད་མ་ལུས་པར་མཛད་ནས། དངོས་གྲུབ་ཐམས་ཅད་དེ་ལ་སྩོལ་པ
56b4 ཡིན་ནོ། ། ཡོངས་སུ་སྦྱང་བ་དང་རྟེན་པའི་དོན་དུ་མ་ཡིན་ནོ།། བགེགས་བྱེད་པ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་བ་མ་ཡིན་ནོ།། བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཆེན་ཤིན་ཏུ་བརྟན་ཞིང་ཤིན་ཏུ
56b5 དགྱེས་པ་རྗེས་སུ་ཆགས་པ་ཤིན་ཏུ་རྒྱས་པ་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་ལས་ཐམས་ཅད་གདོན་མི་ཟ་བའི་གྲུབ་པས་མྱུར་དུ་སྒྲུབ་པར་མཛད་པ་ཡིན
56b6 ནོ། ། འོན་ཀྱང་གང་གིས་བྲིས་སམ། འདྲིར་བཅུག་གམ། ལན་ཅིག་བརྗོད་པ་འམ། འཛིན་པ་དེས་མ་བསྒྲུབས་ཤིང་དཀྱིལ་འཁོར་དུ་མ་ཞུགས་ནའང་ཚེ་འདི་ཉིད་ལ་ཇི་ལྟར་མངོན་པར་འདོད་པའི་མཆོག
56b7 གི་དངོས་གྲུབ་ཐམས་ཅད་གྲུབ་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བདག་པོའི་བདག་དང་། དེ་བཞིན་གཤེག




iiif viewer powered by OpenSeadragon

56a - 57a

Texts on this page