| | e-texts navigator
|
56a1 སུ་ཁ་བཛྲ་སཏྭ་ས་མ་ཡ་གུ་ཧྱ་ས་མ་སིདྡྷིམྨེ་པྲ་ལཙྪ་ཨོཾ་ཧ་ཧ་ཧ་ཧ་ཨ། དེ་ནས་རབ་ཏུ་དགའ་བས་རྡོ་རྗེ་ལྷ་མོ་དགའ་བའི་གཏམ་བྱའོ།། ཨོཾ་བཛྲ་དྲྀཥྚི་ས་མ་ཡ་ཀེ་མཊ། བཛྲ་ཀཱི་ལི་ཀཱི་ལི་ཧོ། ཧཱུཾ་སྠ
56a2 ར་བཛྲ་ཎི་བཾ་དྷ་ཧཱུཾ་ཧཱུཾ་ཏུཥྚ་བཛྲ་ཎི་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་བདག་ལ་འགྲུབ་པར་མཛོད་ཅིག་ཅེས་བཅོམ་ལྡན་འདས་ལ་གསོལ་བ་བརྗོད་པར་བྱའོ།།
56a3 མྱུར་དུ་ཐམས་ཅད་རྗེས་ཆགས་པར།། ཀི་ལི་ཀཽ་ལས་ཐམས་ཅད་ནུས།། ཐམས་ཅད་རྗེས་སུ་ཆགས་དྲན་དང་།། རྟག་ཏུ་ལེགས་པར་མཉེས་གྱུར་བདག། ཨོཾ་མ་ཧཱ་སུ་ཁ་སིདྡྷ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོ། སིདྡྷ་ས
56a4 མ་ཡ་སྟྭ~ཾ་སིདྡྷི་ཧཱུཾ། དེ་ནས་ཆེན་པོའི་རྡོ་རྗེ་ཆུས་དབང་བསྐུར་ཞིང་འཐུངས་ལ་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ། བདག་རྡོ་རྗེ་སེམས་དཔའ་ཡིན་ཞེས་རང་གི་མིང་བརྗོད་པ་ལ་སྔ་མ་བཞིན་དུ་གར་གྱི་མཆོད་པས་མཆོད་པ་བྱ་སྟེ།
56a5 ལྟར་རྙེད་པའི་ཡུལ་དང་ལྡན་པས་སློབ་མ་དང་ལྷན་ཅིག་མཆོད་པ་བྱས་ནས་བྱུང་བར་བྱའོ།། སློབ་མ་གཞུག་པར་བྱ་ཞིང་རང་ཉིད་ཀྱང་དེར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། རྡོ་རྗེ
56a6 སློབ་དཔོན་ཐམས་ཅད་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་དམ་ཚིག་ཐམས་ཅད་ཤེས་པ་ཐམས་ཅད་ལ་ཚར་གཅོད་པ་དང་ཕན་འདོགས་པར་ནུས་པ། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་ལས་བྱེད
56a7 བ། རང་ཉིད་འཇུག་པ་ཙམ་ཉིད་ཀྱིས་སློབ་དཔོན་མ་ཡིན་པ་དང་དཀྱིལ་འཁོར་དུ་མ་ཞུགས་པར་སྐད་ཅིག་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱི་རློབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན
iiif viewer powered by OpenSeadragon
55b - 56b