| | e-texts navigator
|
53b1 བརྩམས་ཏེ་ཐམས་ཅད་ཟོས་ནའང་བདུད་རྩི་བཞིན་དུ་འཇུ་བར་བྱེད་དོ། ། འདི་རྣམས་ལྷན་ཅིག་ཏུ་གར་བྱེད་པ་དང་། དུག་ཐམས་ཅད་སྲེག་པ་དང་། འཇིག་པ་དང་། ཟ་བར་ནུས་པར་འགྱུར་རོ།།
53b2 དེ་ནས་ཅི་འདོད་པའི་དམ་ཚིག་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། འདི་དག་འཇིག་རྟེན་དུག་གསུམ་མོ།། གལ་ཏེ་བདེན་ལས་འདས་གྱུར་ན།། འཆི་བའི་འཇིག་རྟེན་འདི་རྟག
53b3 ནས། གལ་ཏེ་དངོས་གྲུབ་ཐོབ་འདོད་ན།། གློག་བརྙས་པར་ཡང་མི་བྱ་ཞིང་།། སེར་བ་བཟློག་པར་མི་བྱའོ།། སྦྲུལ་ནི་གང་ཡང་གསང་མི་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ
53b4 པོ་ལས། བདེ་བ་ཆེན་པོའི་དམ་ཚིག་ཆེན་པོའི་རྡོ་རྗེ་གསང་བ་ལ་སོགས་པའི་ཆོ་ག་རྒྱས་པའོ།། དེ་ནས་རྡོ་རྗེ་ཆེན་པོ་ཡི།། རི་རབ་རི་ཡི་རྩེ་མོ་ནི།། རྡོ་རྗེ་རིན་ཆེན་འོད་གསལ་བས།། དྲི་མེད
53b5 གཟི་བརྗིད་མཛེས་པ་ལ། ། ཟུར་བཞི་པ་ལ་སྒྲོ་བཞི་པ།། སྒོ་ཁྱུད་ཀྱིས་ནི་རྣམ་པར་མཛེས།། ཁ་ཁྱེར་རྣམས་ལ་གནས་པའོ།། རྡོ་རྗེ་ལྷ་མོ་ཚོགས་ཀྱི་མཆོད།། ཟླ་བ་ཕྱེད་ལ་གནས་པ་ཡི།།
53b6 རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས།། རླུང་གིས་བསྐྱོད་པའི་དར་བཟངས་ཀྱིས།། བ་དན་དྲིལ་བུའི་སྒྲ་སྒྲོགས་པ།། དྲ་བ་མེ་ལོང་མེ་ཏོག་གི། འཕྲེང་བ་ཆེན་པོ་བཏགས་པས་བརྒྱན།། བདེ་བ
53b7 ཆེན་པོ་རྡོ་རྗེ་ཆེ། ། རྡོ་རྗེ་ཀུན་གྱི་མངོན་འདུས་བྱས།། རྡོ་རྗེ་སེམས་དཔའ་གནས་ཆེན་པོ།། སངས་རྒྱས་ཀུན་གྱིས་ངེས་བསྟེན་པ།། བྱང་ཆུབ་སེམས་དཔའི་གནས་པ་མཆོག། རྡོ་རྗེ
iiif viewer powered by OpenSeadragon
53a - 54a