e-texts navigator
Collection
Volume
Page
Wylie

53a1 ཨུར་བཞི་པ་ཡི་དཀྱིལ་འཁོར་ནི། ། ཁྲུ་གང་ཙམ་དུ་བརྐོས་བྱས་ནས།། གྱེན་དུ་ཁ་བལྟས་སྒོ་བྲི་བར།། བདེ་མཆོག་ལ་སོགས་བྲི་བར་བྱ།། འཁོར་ལོ་རབ་ཏུ་ཞུགས་བྱས་ལ།
53a2 ཡང་དག་དགུག་པར་དགུག་པར་བྱ།། མེ་ཏོག་ལ་སོགས་གཏོར་བར་བྱ།། ཤ་ལ་སོགས་པའི་གཏོར་མ་བྱས།། ཨོཾ་བིཥྞུ་ཙཀྲ་ཨཱ་ན་ཡ། ཤ་བརྩི་མ་ཙི་ཏ་ཏྲཾ་སུ་ར་ཨ་དྷི་པཾ་ཧེ་ཤོ་ཧཾ། སརྦྦ་མཱ་ཡཱ་གྷྲྀ་ཏཾ
53a3 དྷཔ་མེ་སིད་དྷ་ཧཱ་ཧཱ་སྭཱ་ཧཱ། དེ་ནས་ཡིད་ཀྱི་འདོད་པའི་སྒྱུམ་ཐམས་ཅད་གྲུབ་པ་ཡིན་ནོ།། སློབ་མ་གཞུག་པའང་དེ་བཞིན་དུ་བྱའོ།། དེ་ནས་ཀླུ་རིགས་བཞིས་སྙིང་པོ་ཕུལ་ལོ།། ཕུཿ། དེ་ནས་དཀྱིལ
53a4 འཁོར་བྲི་བ་ནི། ། ཟུར་བཞི་པ་ལ་སྒོ་བཞི་པ།། སྦྲུལ་གྱི་ཐིག་གིས་ཀུན་ཏུ་བྲི།། ཀླུ་ཡི་གདེངས་ཀའི་བཙུན་མོས་འཁྱུད།། མཚམས་ཀྱི་ཆར་ནི་མཇུག་རྩེ་བདུད།། དེ་ཡི་དབུས་སུ་ས་འཛིན་པ།
53a5 ཀླུ་ཡི་རྒྱལ་པོ་ཤེ་ཥ་བྲི།། ཤེས་རབ་ཅན་གྱིས་ཀླུ་ཆེན་གྱི།། རིགས་རྣམས་ཐམས་ཅད་བྲི་བར་བྱ།། དེ་ནས་འཛིན་ཤུགས་ཀྱིས་ནི།། ཁྲོས་ཤིང་དྲུག་པས་འཇུག་པར་བྱ།། དཀྱིལ་འཁོར་དེར་ནི
53a6 རབ་ཞུགས་ནས། ། གདེངས་ཀའི་ཕྱག་རྒྱ་དགུག་པར་བྱ།། ཨོཾ་ཧྲཱིཿ་ནཱི་ལ་ཛ་བ་བེ་ག་པྲི་ཐི་བྷིནྡ་དྷ་ར་ཥེ་ཥ་ཎ། ཨཱ་ཡ་ཧཱུ~ཾཿཕུ་སརྦ་ནཱ་ག་ཀུ་ལ་ཨ་ན་ཡ་ཧཱུཾ་ཕུ། ས་མ་ཡ་པྲ་བེ་ཤེ་ཡ་ཕུ། སརྦྦ་སཱ་དྷཱ་ཡ
53a7 ཕུཿཕུཿཕུཿཕུཿ། དེ་ནས་ཀླུ་ཐམས་ཅད་ཕུ་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ནས་བབས་པར་འགྱུར་ཞིང་འཐོབ་བོ།། དེ་ནས་སློབ་དཔོན་གྱིས་རི་མོའི་ཕྱག་རྒྱས་དུག་མེད་པར་བྱའོ།། དེ་ནས




iiif viewer powered by OpenSeadragon

52b - 53b

Texts on this page