| | e-texts navigator
|
51b1 དཀྱིལ་འཁོར་གཅིག་ཉིད་དུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སེམས་ཅན་ཐམས་ཅད་རྗེས་སུ་གཞུག་པ་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གསང་བ་གསུངས་པ། དཀྱིལ
51b2 འཁོར་ཆེན་པོའི་ཚུལ་གྱིས་ནི། ། དཀྱིལ་འཁོར་ཐམས་ཅད་ཀུན་ཏུ་བྲི།། དཀྱིལ་འཁོར་ཆེན་པོ་དང་པོར་ནི།། དེ་ཡི་དབུས་སུ་བརྟག་པར་བྱ།། དེ་ཡི་དབུས་སུ་རིགས་རྣམས་ཀྱིས།། དཀྱིལ་འཁོར་ཆེན་པོ
51b3 བྲི་བར་བྱ། ། ཕྱི་ཡི་མཚམས་ཀྱི་མཐའ་མ་རུ།། ཕྱི་ཡི་དཀྱིལ་འཁོར་ཚོགས་རྣམས་བྲི།། སྒོ་རྣམས་ཀུན་ཏུ་འཇུག་པར་ནི།། རང་གི་ཕྱག་རྒྱར་རབ་ཏུ་གནས།། དཀྱིལ་འཁོར་དམ་པ་ལྔ་སྡུད་ཅིང་།།
51b4 རྡོ་རྗེ་ཤུགས་ཀྱིས་འཇུག་པར་བྱ།། ཆོ་ག་རྒྱས་པ་ཐམས་ཅད་དང་། དངོས་གྲུབ་ཐམས་ཅད་དང་། ལས་ཐམས་ཅད་ཀྱང་དེ་བཞིན་ནོ།། དེ་ནས་ལྷ་ལ་སོགས་པ་དམ་ཚིག་སེམས་དཔའ་ཐམས་ཅད
51b5 བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་མནོས་ནས། སེམས་ཅན་ཐམས་ཅད་ལ་བདེ་བའི་དོན་ཡོད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་ཕྱག་བྱས་ནས་རང་རང་གི་གསང
51b6 བའི་སྙིང་པོ་འདི་རྣམས་ཕུལ་ལོ། ། དེ་ནས་འཇིག་རྟེན་གསུམ་པོས་གསོལ་པ། ཨོཾ་བྷྲཱུཾ་ཏྲཱཾ། དེ་ནས་དཀྱིལ་འཁོར་བྲི་བ་ནི།། ཟུར་བཞི་པ་ལ་སྒོ་བཞི་པ།། ཕྱི་ཡི་དཀྱིལ་འཁོར་མཆོག
51b7 ཡིན་ནོ། ། དེ་ཡི་དབུས་སུ་དངོས་གྲུབ་ཕྱིར།། གཞུ་ཡི་སེ་རལ་ཀར་ལྡན་ཞིང་།། མདའ་དང་ཙོ་ཤི་ག་ཐོགས་བྲི།། སྦྲང་རྩིར་བྱེད་དང་རྒྱལ་བར་བྱེད།། སྒྲུབ་པ་ཐམས་ཅད་སྒྲུབ་པ་པོ།། རྩེ་གསུམ
iiif viewer powered by OpenSeadragon
51a - 52a