e-texts navigator
Collection
Volume
Page
Wylie

51a1 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་རྡོ་རྗེ་རིན་ཆེན་གྱི་ཅོན་པན་གྱི་འཕྲེང་བས་སོ། ། བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ལས། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་ནོར་བུའི
51a2 རིགས་ཀྱི་ཆོ་ག་རྒྱས་པའོ། ། ། དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་བསྡུས་པའི་རྡོ་རྗེ་བྱིན་གྱིས་བརླབས་པའི་ཡེ་ཤེས་ཐོབ་པས་སེམས་ཅན་ཐམས་ཅད་གཞུག་པའི་འཁོར་ལོ་རྡོ་རྗེའི
51a3 ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཐོག་མ་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་པ།། ཆགས་པ་ཆེན་པོ
51a4 རྣམ་དག་ཕྱིར། ། བདེ་བ་ཆེན་པོ་དོན་གྱི་ཕྱིར།། འགྲོ་རྣམས་ཅི་བདེར་བཞུགས་སུ་གསོལ།། དེ་ནས་བཅོམ་ལྡན་འདས་ཐམས་ཅད་པས་རྣམ་པར་རྒྱལ་བ་འགྲོ་བ་ཀུན་འདུལ་བ། དམ་ཚིག་ཐམས།།
51a5 ཅད་དང་དངོས་གྲུབ་ཐམས་ཅད་སྩོལ་བ་རྡོ་རྗེ་འཆང་ཆེན་པོ་སྟོན་པ་པོ། སྒྲུབ་པ་པོ། སྟོབས་དང་ཕ་རོལ་གནོན་པ། ཐོགས་པ་མེད་པ་ཐམས་ཅད་ལ་རྗེས་སུ་སྟོན་པས་དོན་ཡོད་པར་གྲུབ་པ་དམ་ཚིག
51a6 རྡོ་རྗེ་འཛིན་པ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས། བདེ་བ་ཆེན་པོ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་དོན་ཡོད་པ་མཚུངས་པ་མེད་པའི་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་སོ།།
51a7 ཨཱཿཧཱུཾཿཧྲཱིཿཧཱུཾ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཆེན་པོ་དེར་ཡང་དག་པར་གནས་ཏེ།




iiif viewer powered by OpenSeadragon

50b - 51b

Texts on this page