e-texts navigator
Collection
Volume
Page
Wylie

49b1 ཆེན་པོའི་ཚུལ་གྱིས་བཞུགས་སོ། ། བཅོམ་ལྡན་འདས་ཞལ་རབ་ཏུ་བཞད་པས་རྡོ་རྗེ་གཡོན་པས་པདྨ་འཛིན་ཅིང་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་སྐྱིལ་མོ་ཀྲུང་གིས་བཞུགས་སོ།། དེ་ནས་དཀྱིལ།
49b2 འཁོར་ནི། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཐིག་གདབ་བོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག། པདྨའི་མཚན་མའི་ཚོགས་རྣམས་བྲི།། དེ་ནས
49b3 རྡོ་རྗེ་པདྨས་ཞུགས་ལ་མཛུབ་མོའི་ལྕགས་ཀྱུ་གཉིས་ཀྱིས་དགུག་པར་བྱའོ། ། ཨོཾ་ཧྲི་བ~ཾ་ཧོཿོཾ་ཧྲིཿམ་ཧཱ་སུ་ཁ་བཛྲ་ཨ་ལོ་ཀེ་ཤྭ་རཱ་ཡ་མེ། ཨཱ་ཨཱ་ཧེ་པྲ་བེ་ཤིདྷ་དྷི་མེ་བྷ་བ་སིདྡྷི་མྦ་ར་མུ་དྲཱ་པ
49b4 དེ་ཛཿཧཱུ~ཾ་བཾ་ཧོཿ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། སྣང་བའི་མཚན་མ་འབྱུང་བར་འགྱུར་རོ།། ཆོ་ག་རྒྱས་པ
49b5 ཐམས་ཅད་དང་། སྒྲུབ་པ་དང་། དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ།། མི་བསྒྲུབས་ཀྱང་ལན་ཅིག་བཟླས་པས་ལས་ཐམས་ཅད་བྱེད་དོ།། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་ལ་ནཱི་པདྨ་ཆེན
49b6 བོས་སོ། ། ཐམས་ཅད་སྲུང་བ་ལ་ནི་པདྨའི་གཙུག་ཏོར་གྱིས་སོ།། ཐམས་ཅད་རྗེས་སུ་ཆགས་པ་ལ་ནི་པདྨ་ལ་བལྟ་བས་སོ།། ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནོ་པདྨ་ཁ་འབྱེད་པས
49b7 སོ། ཟུང་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོ་འདོད་ཆགས་ཀྱིས་སོ།། སུས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་དབང་ཕྱུག་གིས་སོ།། རྨི་ལམ་གདབ་པ་ལ་ནི་པདྨ་ཆེན་པོ




iiif viewer powered by OpenSeadragon

49a - 50a

Texts on this page