e-texts navigator
Collection
Volume
Page
Wylie

48a1 རབ་གྲུབ་དང་། ། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། གདུག་པ་ཐམས་ཅད་གཞོམ་པའི་ཕྱིར།། རང་གིས་སྤྲུལ་མཛོད་རྡོ་རྗེ་འཛིན།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས
48a2 དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འདི་གསུངས་སོ། ། ཧཱུཾ་རཀྵ་ཛྭཱ་ལ་མཱ་ལེ་པྲ་ཏི་ལ་ཡ། ཨགྣི་པྲ་བི་ཏ་ཏེ། མ་ཧཱ་སུ་ར་ཏ་བཛྲ་ཀྲོ་དྷཛ
48a3 ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས་ཀུན་ནས་འོད་ཟེར་དམར་པོ་འབར་བའི་སྙིང་པོ་ཅན་སྨིན་མ་འགྱུར་ཞིང་ཁྲོ་གཉིར་བསྡུས་པ། སྨ་ར་སེར་ཞིང་སྤྱན
48a4 འབར་བ། རྡོ་རྗེ་མཆེ་བ་གཙིགས་པས་མཆུའི་སྒྲོས་རྣམ་པར་གནོན་པའི་ཞལ་མངའ་བ། དབུ་སྐྲ་གྱེན་དུ་འབར་བ། རྡོ་རྗེ་དང་གཞུ་ལ་སོགས་པ་ཡོངས་སུ་འཛིན་པ། བཅོམ་ལྡན་འདས་ཀྱི་དཀྱིལ
48a5 འཁོར་ཆེན་པོའི་ཚུལ་དུ་བཞུགས་པའོ། ། བཅོམ་ལྡན་འདས་ཀྱིས་ཀྱང་ཁམས་གསུམ་པའི་གདུག་པ་ཐམས་ཅད་འདུལ་བར་མཛད་ནས། རྡོ་རྗེ་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་པའོ།། དཀྱིལ
48a6 འཁོར་ཐམས་ཅད་ཐིག་གདབ་ཕྱིར། ། དེ་ལ་དང་པོ་ཁྲོས་པ་གཞག། སུ་ར་ཏོད་བྷ་བ་ཧཱུཾ་ཞེས་ཟློས།། ཨུཏྤལ་སྔོན་པོའི་འོད་འབར་བ།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། མཆེ་བ་ཅུང་ཟད་གཅིག
48a7 པའི་ཞལ། ། ཁྲོ་དང་བཅས་པ་བཞད་པའི་ཞལ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།། འོད་ཟེར་འབར་བ་འཁྲུགས་པའི་འོད།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཐམས་ཅད་དུ་མི




iiif viewer powered by OpenSeadragon

47b - 48b

Texts on this page