e-texts navigator
Collection
Volume
Page
Wylie

47a1 གཡོས་གྱུར་ཏེ། ། སངས་རྒྱས་སྲས་དང་བཅས་པ་ཀུན།། ཀུན་ནས་འདུས་ཤིང་བསྟན་པར་གྱུར།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས།། ཐམས་ཅད་གྲུབ་ཕྱིར་ཀུན་ནས
47a2 བཞུགས། ། བཞད་པ་ཆེན་པོའི་ཁྱད་པར་གྱིས།། རྨད་བྱུང་ཆེན་པོ་རབ་ཏུ་བཞད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་དུ་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན
47a3 པོའི་དམ་ཆོག་རྡོ་རྗེ་གསང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། ། ཇི་ལྟར་ཆོས་ཀྱི་བྲིས་ནས་ནི།། རྒྱལ་བ་གཡོན་དུ་བསྙེམས་འཛིན་པ།། དམ་ཚིག་མཆོག་གི་མཆོག་བཀོད་ནས།
47a4 ས་མ་ཡ་སྟྭཾ་ཞེས་བརྗོད་དོ།། དེ་བཞིན་གཤེགས་པ་སྲས་དང་བཅས།། རྡོ་རྗེ་མཚོན་ཆ་ལ་སོགས་གཟུང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར།། དེ་ལ
47a5 འཇུག་ལ་སོགས་པ་ཡི། ། ཆོ་ག་རྒྱས་པའི་ཁྱད་པར་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱ་དང་། རྡོ་རྗེ་གླུ་འདིས་འཇུག་པར་བྱའོ།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས
47a6 རྡོ་རྗེ་རེར་ཆེན་བླུན་མེད། ། རྔ་རྗེ་ཆོས་ནི་བྷུར་བླངས་བྱས།། རྡོ་རྗེའི་ལས་ནི་བྱེད་པར་འགྱུར།། དེ་ནས་རབ་ཏུ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་བདེ་བཆེན་པ
47a7 གསང་བའི་ལྕགས་ཀྱུས་དགུག་པར་བྱའོ། ། ཨོཾ་བཛྲ་དྷཱར་སུ་ར་མ་ཧཱ་སུ་ལེ་སརྦྦ་པར་ཐབ་མ་ཏ་ཡ།། སརྦྦ་ཏ་ཐཱ་ག་ཏ་ཛྙཱ་ན་མེ་མུ་དྲཱ་པ་དེ་ཛཿཧཱུཾ་བཾ་ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཛིན




iiif viewer powered by OpenSeadragon

46b - 47b

Texts on this page