e-texts navigator
Collection
Volume
Page
Wylie

42a1 སེམས་ཅན་ཀུན་རྣམས་དོན་མཛད་པ།། འདི་ནི་དངོས་གྲུབ་རབ་སྒྲུབ་ན།། དུས་ཀུན་ཏུ་ནི་ཐམས་ཅད་མཛད།། དེ་རས་སྒྲུབ་པ་འདི་བྱ་སྟེ།། དངོས་གྲུབ་ཤིན་ཏུ་བརྟག་པ་ཡིན།
42a2 གང་གིས་སྲིད་པ་འདི་ཉིད་དུ།། ཤིན་ཏུ་བརྟག་པའི་དངོས་གྲུབ་ཐོབ།། དཀྱིལ་འཁོར་དག་ཏུ་མ་ཞུགས་ཀྱང་།། དམ་ཚིག་རྣམ་པར་སྤངས་པ་འམ།། བསོད་ནམས་མེད་ཀྱང་ཐམས་ཅད་དུ།། སྲིད་པ་འདི
42a3 ལ་མྱུར་དུ་འགྲུབ། ། གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན།། རྟག་ཏུ་ཡུལ་དང་ལྡན་གྱུར་ན།། གསང་བའི་མཆོད་པས་མཆོད་ནས་ནི།། རང་རང་ཕྱག་རྒྱས་འགྲུབ་པར་འགྱུར།། དྲུག་ལྡན་ལ་སོགས་སྙན་པའི
42a4 གླུ། ཆགས་པ་ཀུན་ཀྱང་ཕྱིར་འདོད་པར།། བཟླས་པའི་དོན་ནི་ཅི་ནུས་པས།། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ།། འདི་ཡིས་འདོད་པའི་ཀུན་དབང་ཕྱུག། ཅི་འདོད་འོང་ངོ་མཁའ་ལ་རྒྱུ།། དངོས
42a5 གྲུབ་ཀུན་གྱི་དབང་ཕྱུག་གྲུབ། ། རྒ་ཤི་མེད་ཅིང་གཙོ་བོར་འགྱུར།། རྒྱལ་བ་ཀུན་གྱིས་མཆོད་བྱས་ལ།། རང་གཞན་ཀུན་གྱིས་བསྙེན་བཀུར་ཞིང་།། རྡོ་རྗེ་འཆང་ཆེན་དང་མཚུངས་ཤིང་།། དོན་ཡོད
42a6 ཀུར་སྤྱོད་པ་ཡིན་ནོ། ། བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བའི་རྡོ་རྗེ་འཆང་བྱང་ཆུབ་སེམས་དཔའ་ཡིན་ན། གལ་ཏེ་དེ་བཞིན་གཤེས
42a7 པ་ཐམས་ཅད་ཀྱི་དངོས་གྲུབ་མངོན་པར་འདོད་པ་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁུ་ཚུར་ཡོངས་སུ་འཛིན་པ་རས་རིས་ལ་བྲི་བར་བྱའོ།། བཞད་པ




iiif viewer powered by OpenSeadragon

41b - 42b

Texts on this page