| | e-texts navigator
|
40a1 ཡང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་མཐོང་བར་འགྱུར་རོ། ། དེ་ནས་རང་ཉིད་རྡོ་རྗེ་འཛིན་ཀུན་གྱིས་སློབ་དཔོན་ནི་ཕྱག་རྒྱ་ཐམས་ཅད་འགྲུབ་པ། དམ་ཚིག་ཐམས་ཅད་ཤེས་པ། ལས
40a2 ཐམས་ཅད་ནུས་པ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ།། འཇུག་པའི་ཆོ་ག་འདི་ཡིས་རྡོ་རྗེ་སློབ་དཔོན་རང་ཉིད་ཇི་སྙེད་པའི་དྲིས་བྱུགས་ཤིང་བསྒོས་པ། རྒྱན་དང་བཅས་པའི་མེ་ཏོག་གི
40a3 འཕྲེང་བས་ལུས་ཤིན་ཏུ་བརྒྱན་པ། གོས་དམར་པོ་གཉིས་བགོས་པས་རང་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཅིང་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ།། བསྟོད་པ་ནི་དྲུག
40a4 ལྡན་ལ་སོགས་པ་གླུ་ཡིས་བྱའོ། ། འདོད་ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི།། ཀུན་ཏུ་བདག་ལ་བདེ་བ་ལ་སྩོལ་ཅིག། རྡོ་རྗེ་སེམས་དགོངས་མྱུར་དུ་བདག་བསྟན་མཛོད།། བདག་དགྱེས་མཛད་དང
40a5 བདེ་མཆོག་གྲུབ་ལ་འདུད། ། དེ་ནས་རབ་ཏུ་ཞུགས་ནས་དགོངས་སུ་གསོལ་བར་བྱ་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ།། ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ།། རྡོ་རྗེ
40a6 བསྙེམས་བདག་ཁྱབ་བདག་ཡིན། ། སེམས་ཀྱི་སེམས་དཔའི་ཏིང་ངེ་འཛིན།། དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན།། ཀུན་མཆོག་དམ་ཚིག་དངོས་གྲུབ་ཅན།། རྡོ་རྗེ་སེམས་བདག་དེ་གྲུབ་མཛོད།། དེ་ནས་བཅོས
40a7 ལྡན་དེ་ཉིད་ཀྱིས། ། རྡོ་རྗེ་སློབ་དཔོན་བྱིན་བརླབས་གྱུར།། དེ་སྔར་མ་བྱུང་བའི་སོ་སོ་རང་རིག་པའི་བདེ་བ་གཉིས་ཀ་ལ་སྐྱེ་བར་འགྱུར་རོ།། ཕྲ་མོ་དབབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་གྲུབ
iiif viewer powered by OpenSeadragon
39b - 40b