| | e-texts navigator
|
39a1 དམར་པོ་ནི། ། རྡོ་རྗེ་མཚོན་ཆ་ལ་བརྩོན་པ།། གཡས་སུ་དག་པའི་དཀར་པོ་སྟེ།། ལེགས་པར་འཁྱུད་པའི་རྡོ་རྗེ་ཅན།། རྩུབ་ཏུ་སྐུ་མདོག་སེར་པོ་སྟེ།། ཆུ་སྲིན་གྱི་ནི་རྒྱལ
39a2 མཚན་འཛིན། ། གཡོན་དུ་སྐུ་མདོག་སྔོན་པོ་སྟེ།། ཕྱག་གིས་སྙེམས་པ་འཛིན་ལ་སོགས།། མཆོད་པའི་སྣོད་རྣམས་འཛིན་པའོ།། མཆོད་པའི་ལྷ་མོ་བྲི་བར་བྱ།། སྒེག་མོ་བཞད་མ་གླུ་མ་དང་།
39a3 དཀར་མོ་ལྷ་ཡི་བུ་མོའི་ཚོགས།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་།། རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་བསྣམས།། སྒོ་ནི་བཞི་པོ་རྣམས་ལ་ནི།། སྒོ་སྲུངས་བཞི་པོ་དགོད་པར་བྱ།། དེ་ནས་དེ་དག་གི་སྙིང་པོ
39a4 རྣམས་ནི་འདི་ཡིན་ཏེ། ཧཱུཾ་བཛྲ་དྲྀཥྚི་སམཱ་ཀེ་མ་ཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡེ་ཧཱུཾ། ཧཱུཾ་སྨ་ར་བཛྲ་བི་དྷ་ཧཱུཾ། ཧཱུཾ་ཏུཥྚ་བཛྲཿཧཱུཾ། རྡོ་རྗེ་བྲན་ནོ།། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུཾ་མ་དྷུ་ར་བཛྲི་ཧཱུཾ།
39a5 ། ཧཱུཾ་བཛྲ་མེ་གྷེ་ཧཱུཾ། ཧཱུཾ་ཤཱ་རད་བཛྲ་ཧཱུཾ། ཧཱུཾ་བཛྲ་ཤི་ཤི་རི་ཧཱུཾ། དེ་ནས་ལྷའི་བུ་མོ་རྣམས་ཀྱི་ནི། ཧཱུཾ་བཛྲ་ལཱ་སྱེ། མ་ཧཱ་བ་ར་བཛྲ་ཎི། ཨོཾ་བཛྲ་གཱི་ཏེ་བཛྲ། ཨོཾ་ནརྀ་ཏེ་བཛྲ། དེ་ནས་སྒོ་སྲུངས་རྣམས་ཀྱི་ནི།
39a6 ཛཿཾ་ཀུ་ཤ་པྲ་ཏི་ཧ་ར། ཧཱུཾ་བཛྲ་པཱ་ཤ་ག་ན། བཾ་བཛྲ་སྥོ་ཊ་དུ་ཧ། ཨ་བཛྲ་གྷེ་ཊཙྪེ་ར། དེ་ལྟར་ལྷ་མོའི་དཀྱིལ་འཁོར་དུ། བུད་མེད་གྲགས་པ་ཉིད་ནི་དགོད།། བཀོད་ན་དེ་དག་རྣམས་ཀྱིས་ནི། བྱིན
39a7 གྱིས་བརླབས་པ་ཉིད་དུ་འགྱུར། ། དེ་ན་ཕྱག་ན་རྡོ་རྗེ་འཛིན།། དཀྱིལ་འཁོར་ཀུན་ཏུ་བྲིས་བྱས་ནས།། བུམ་པ་གང་བ་ཇི་སྙེད་དང་།། མེ་ཏོག་ལ་སོགས་ཀུན་གྱིས་མཆོད།། དྲིལ་བུ་བཏགས་པའི
iiif viewer powered by OpenSeadragon
38b - 39b