e-texts navigator
Collection
Volume
Page
Wylie

38b1 དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ།། གསར་ཞིང་ལེགས་པར་བསྒྲིལ་བ་དང་།། མདུད་པ་དག་ནི་མེད་པ་ཡི།། ཐིག་སྐུང་དམར་པོས་ཐིག་བཏབ་ནས།། ཚོན་གྱི་ཕྱེ་མས་བྲི་བར་བྱ།། ཟུར་བཞི
38b2 པབ་ལ་སྒོ་བཞི་པ། ། སྒོ་ཁྱུད་བཞིས་ནི་མཛེས་པ་དང་།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། མཚམས་སུ་ལྷ་ཡི་བུ་མོས་མཛེས།། དཀྱིལ་འཁོར་གྱི་ནི་མཚམས་རྣམས་དང་།། སྒོ་དང་སྒོ་ཁྱུད
38b3 མཚམས་རྣམས་སུ། ། ཟླ་བ་ཕྱེད་ལ་གནས་པ་ཡི།། རྡོ་རྗེ་རིན་ཆེན་འོད་ཟེར་འབར།། རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག། བ་དན་སྣ་ཚོགས་མཛེས་པ་ཡིན།། མེ་ལོང་དྲ་བ་མེ་ཏོག་འཕྲེང་།།
38b4 ལྡན་པའི་ཕྱི་རོལ་དཀྱིལ་འཁོར་བྲི།། དེ་ནི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར་བརྒྱད་པ་དང་འདྲ་བ།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི།། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། དེ་དབུས་ཆོ་ག་བཞིན་དུ།
38b5 ནི། རྡོ་རྗེ་སེམས་དཔའ་དགོད་པར་བྱ།། བླུགས་སམ་ཡང་ན་བྱས་པའམ།། བརྡུངས་སམ་ཡང་ན་བྲིས་པ་ཡིས།། བཞད་པ་དང་བཅས་ཟླ་བའི་འོད།། འབར་བའི་འོད་ཟེར་དམར་པོས་ཁྱབ།།
38b6 སངས་རྒྱས་འཕྲེང་བས་རྣམ་པར་མཛེས།། སྐུལ་ཚོན་གྱིས་ཡང་དག་བྱུགས།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། ས་མ་ཡ་སྟྭཾ་ཞེས་བརྗོད་ནས།།
38b7 སྙིང་ཁར་རྣམ་པར་དགོད་པར་བྱ།། དེ་ཡི་ལོགས་ནི་ཐམས་ཅད་དུ།། སེམས་དཔའ་ཆེན་པོ་རྣམས་བྲིས་ཏེ།། ཚོན་ནམ་ཡང་ན་རྡུལ་ཚོན་གྱིས།། གོར་མི་ཇི་བཞིན་བྲི་བར་བྱ།། མདུན་དུ་སྐུ་མངོན




iiif viewer powered by OpenSeadragon

38a - 39a

Texts on this page