e-texts navigator
Collection
Volume
Page
Wylie

37b1 སྦྱོར་བ་འཛིན་ཅིང་། བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་ལས་འབྱུང་ངོ་།། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོ་སུ་ར་སྟྭཾ། དེ་ནས་ཕྱུང་བ་ཙམ
37b2 ཀྱིགྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་བཟུང་བ་རྣམས་སླར་ཡང་བྱང་ཆུབ་ཆེན་པོ་མངོན་པར་རྟོགས་ནས་དེ་རྣམས་ཀྱིས་བཞད་པ་ཆེན
37b3 པོ་མངོན་པར་མཛད་དོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་ཤིན་ཏུ་གཡོས་པས་ཡོངས་སུ་དག་པར་གྱུར་ཏོ།། ཁམས་གསུམ་རྒྱས་པར་སྤྲོས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་འཁོར
37b4 ཆེན་པོར་གྱུར་ཏོ། ། གང་གི་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་། ཐོགས་པ་མེད་པ
37b5 ལས་མངོན་པར་འབྱུང་བར་རྡོ་རྗེ་ཆེན་པོ་ཕྱག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་རྣམ་པར་གནོན་པར་མཛད་ནས་དེའི་སྐུ་ཐམས་ཅད་ལས་དངོས
37b6 གྲུབ་ཐམས་ཅད་དང་། བདེ་བ་དང་། ཡིད་བདེ་བ་སྟེར་བ་རྟག་ཏུ་རྗེས་སུ་འབྲེལ་བ་ཅན་ལྷན་ཅིག་ཏུ་སྤྱོད་པ་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་སེམས་དཔའ་རྣམས་ཕྱུང་ནས་ཕྱོགས་ཐམས་ཅད་དུ་ཕྱུང
37b7 སྟེམདུན་དུ་རྡོ་རྗེ་གསང་བ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལི། རྒྱབ་ཏུ་འདོད་པའི་རྡོ་རྗེ། གཡོན་དུ་རྡོ་རྗེ་བསྒྱིངས་པའོ།། མཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་སོ།།




iiif viewer powered by OpenSeadragon

37a - 38a

Texts on this page