e-texts navigator
Collection
Volume
Page
Wylie

37a1 པར་འདོད་པའི་ཕྱིར། ། སྲིད་པའི་སྐྱོན་རྣམས་འཇོམས་ཕྱིར་དང་། བདེ་བ་ཆེན་པོ་འཕེལ་བྱའི་ཕྱིར།། གསང་བའི་རྟོག་པ་མཆོག་གསུང་བའི།། རྗེས་སུ་གནང་བར་བདག་ལ
37a2 སྩོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ལ་ལྷག་པར་དགོངས་ནས། གདུལ་བྱ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང
37a3 ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ཡོངས་སུ་བསྐྱང་བ་དང་། ཕན་པ་དང་།
37a4 བདེ་བ་དང་། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་དང་། ལས་དང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པའི་ཐམས་ཅད་ཉིད་དང་། རྡོ་རྗེ
37a5 འཆང་ཆེན་པོ་ཐོབ་པ་མཆོག་གི་དངོས་གྲུབ་ཀྱི་དོན་བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུའི་འཕྲེང་བའི
37a6 ཅོད་པན་གྱིས་དབང་བསྐུར་བས་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མ་ལུས་པ་ལུས་པ་མེད་པའི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སོགས་པ་དངོས་གྲུབ་ཐམས་ཅད་ཐོབ
37a7 པར་བྱ་བའི་ཕྱིར། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ་སུ་དྲང་པོར་སྲང་སྟེ། གཡོན་པ་བསྙེམས་པའི་ཚུལ་དུ་མཛད་ནས་གཡས་པ་རྡོ་རྗེ་གསོར་བས་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་མཆོག་ས




iiif viewer powered by OpenSeadragon

36b - 37b

Texts on this page