e-texts navigator
Collection
Volume
Page
Wylie

36b1 ཀྱི་མཐའ་ཅན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ། ཟླ་བ་ཕྱེད་པ་དུ་མ་ལ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འབར་བའི་འོད་ཀྱིས་གསལ་བ་གསེར
36b2 གྱི་དྲིལ་བུ་བཏགས་པ་དང་། སྣ་ཚོགས་པའི་བ་དན་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པས། མེ་ཏོག་གི་འཕྲེང་བ་སྣ་ཚོགས་པ་དང་། ན་བཟའ་དང་། མེ་ལོང་དང་། མུ་ཏིག
36b3 གི་འཕྲེང་བ་རབ་ཏུ་འཕྱང་བས་མཛེས་ཤིང་བརྒྱན་པ། སྣ་ཚོགས་པའི་ཁ་ཁྱེར་ལ་གནས་པ་མཆོག་ཏུ་གྱུར་པའི་ལྷའི་བུ་མོ་དགོད་པ་དང་། སྒེག་པ་དང་། གར་དང་། གླུ་ཡིས་རབ་ཏུ་བརྒྱན་པ་དང་།
36b4 བསྟོད་པས་སད་པར་བྱེད་པ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གནས་གཞལ་ཡས་ཁང་པ་ལ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
36b5 སྐུ་དང་། གསུང་དང་། ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་དམ་ཚིག་སེམས་དཔའ་ཐམས་ཅད་དང་། དབང་བསྐུར་བ་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ལས་ཐམ་ཅད
36b6 མཆོག་ཏུ་གྱུར་པ། ཁམས་གསུམ་ཐམས་ཅད་འདུལ་བར་མཛད་པ། ཐམས་ཅད་དབང་དུ་བྱེད་པ་པོ་འབྱིན་པ་པོ་འདོད་པ་ཐམས་ཅད་པ། རྒྱ་ཆེ་བའི་དངོས་གྲུབ་ཀྱི་ཆོ་ག་ཐམས་ཅད་པ། རྟག
36b7 པའི་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། ཇི་སྲིད་སྲིད་པའི་བར་གནས་པ།། དེ་སྲིད་སེམས་ཅན་དོན་མཆོག་མཆོད།། སེམས་ཅན་ཁམས་ནི་མཐའ་ཡས་དང་།། རྒྱལ་སྲས་སྲིད




iiif viewer powered by OpenSeadragon

36a - 37a

Texts on this page