e-texts navigator
Collection
Volume
Page
Wylie

172a1 རྒྱ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ་སྣ་ཚོགས་ཀྱིས་བྱ་བ་མཛད་དེ། མ་ལུས་པ་ན་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཀྱི་རེ་བ་ཐམས་ཅད
172a2 ཡོངས་སུ་བསླང་བའི་འཕྲིན་ལས་མཛད་པ། ཐུགས་རྗེ་ཆེ་བ་རྣམ་པར་སྣང་མཛད་ཆེན་པོ་རྟག་པ་ཁམས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ། སྐུ་དང་། གསུང་དང་། ཐུགས་ཐམས
172a3 ཅད་རྡོ་རྗེ་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས། ། འདོད་པའི་ཁམས་ཐམས་ཅད་ན་ནོར་བུ་རིན་པོ་ཆེ་ཆེན་པོས་རབ་ཏུ་སྤྲས་པ་དང་། བ་དན་ཁ་དོག་སྣ
172a4 ཚོགས་དྲིལ་བུ་བརྒྱུས་པ་རླུང་གིས་བསྐྱོད་པ་དང་། མེ་ཏོག་གི་འཕྲེང་བ་དང་། རྔ་མ་དང་། རྒྱན་འཕྲེང་དང་། ཆུན་འཕྱང་དང་། ཟླ་བ་ལྟ་བུས་མཛེས་པར་བྱས་པ། དེ་བཞིན་གཤེག
172a5 པ་ཐམས་ཅད་བཞུགས་པ་ཤེས་པ་བསྟོད་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྷ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
172a6 ལག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། རྡོ་རྗེ་ཁུ་ཚུར་དང་། འཇམ་དཔལ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ
172a7 དང་། ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་བསྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

171b - 172b

Texts on this page

S448 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa