e-texts navigator
Collection
Volume
Page
Wylie

205a1 ཕྱེད་བར་དུ་བསླབས་ན་རྟག་ཏུ་ལྡང་ལ་མི་སྙོམས་ཤིང་བཅུད་མངལ་རྟགས་ཤུགས་དྲག་པོར་འགྱུར་རོ། ། བུ་མོ་སྤྱད་པ་ནི་རྡོ་རྗེ་བཟུང་ནས་ཐམས་ཅད་དུ་ཁྱབ་པ་ཧཱུཾ་ཞེས་བྱ་བ་བྱས་ནས་སྤྱང་ངོ་དོ།། དྲང
205a2 མེད་ཐམས་ཅད་དབང་དུ་བྱ་བ་ནི་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ལ་སྟོང་ཕྲག་བརྒྱ་བཟླས་ན་བུད་མེད་ཐམས་ཅད་མགུ་བར་འགྱུར་རོ། ། ཕྱག་ན་རྡོ་རྗེའི་སྤྱན་སྔར་སྤྱན་རས་གཟིགས་དབང་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས
205a3 ལ་སྟོང་ཕྲག་བརྒྱ་བཟླས་ན་བུད་མེད་ཐམས་ཅད་མགུ་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་དབང་དུ་བྱ་བར་འདོད་ན་རྡོ་རྗེ་ཁུ་ཚུར་གྱི་བཅིངས་པས་རྡོ་རྗེ་བཟུང་ལ་ནམ་འགུལ་གྱི་བར་དུ་བཟླས་སོ།། སྣང་བ་ལ་དབང་དུ་བྱ་བར
205a4 འདོད་ན་རྡོ་རྗེ་བླངས་ཏེ་རང་གི་སྤྱི་བོར་བཞག་ལ་སྤྱི་བོར་རྡོ་རྗེ་བརྟན་པར་གྱུར་ཀྱི་བར་དུ་བཟླས་སོ། ། དེ་ནས་སྣང་བའི་མདུན་དུ་འདུག་ན་དེས་སྣང་བར་རང་གི་དབང་བསྐུར་བ་ཡང་སྩོལ་ཏོ།། ནོར་དགུག་པ་ནི་རིན་པོ་ཆེའི་གཙོ
205a5 བོའི་ཕྱེ་མས་སྦྱིན་སྲེག་བྱ་བས་སོ། ། ཆར་དབབ་པ་ནི་རྡོ་རྗེ་ཧཱུཾ་ཞེས་པ་སྟོང་བཟླས་པས་སོ།། ཆར་གཅད་པ་ནི་ཧཱུཾ་ཞེས་པའོ།། སེར་བ་བཅད་པ་ནི་རྡོ་རྗེ་གསོར་བའི་ཕྱག་རྒྱས་སོ།། གདོན་དགག་པ་ཡང་ཕྱག་རྒྱ་དེ་ཉིད
205a6 ཀྱིས་སོ། ། སྤྲིན་དགག་པ་ནི་རྡོ་རྗེ་ཧཱུཾ་ཞེས་པ་བརྒྱར་བཟླས་པས་སོ།། རྡོ་རྗེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་མེ་ཏོག་དང་བདུག་པས་མཆོད་དེ། རྡོ་རྗེ་འཛིན་མའི་ཕྱག་རྒྱས་མནན་ལ་རྡོ་རྗེ་ལངས་ཀྱི་བར་དུ་བཟླས་སོ
205a7 དེ་ཐོགས་ནས་ས་བསྐོར་ན་ཅི་འདོད་པ་བཞིན་དུ་རྒྱུའི་ལས་རྣམས་སྟོན་ཏེ། ། རྡོ་རྗེས་བསྐོར་བས་དུས་མ་ཡིན་པར་ཤིང་ལ་འབྲས་བུ་དང་མེ་ཏོག་མཐོང་ངོ་།། ནམ་མཁའ་ལ་མེ་ཏོག་གི་འཕྲེང་བ་ཆགས་པར་བྱ་བ




iiif viewer powered by OpenSeadragon

204b - 205b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po