| | e-texts navigator
|
204b1 བསླང་པ་དེ་སྩོལ་ཏོ། ། ཆོ་འཕྲུལ་སྟོན་པ་ནི་རྡོ་རྗེ་བཟླས་པ་ཚིག་གིས་བརྒྱད་བརྒྱ་བཟླས་ན་རང་གི་ལུལ་ལ་ཆོ་འཕྲུལ་དུ་གྱུར་པ་ནི། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན་དང་། ལྷ་དང་།
204b2 ཀླུ་དང་། གནོད་སྦྱིན་ལ་སོགས་པ་སེམས་ཅན་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྟོན་ཏོ།། རང་གི་གཟུགས་ཅི་དགའ་བར་བསྒྱུར་བར་འདོད་པས་རྡོ་རྗེ་ཚིག་གིས་རྡོ་རྗེ་བཟླས་པས་སྟོང་ཕྲག་བརྒྱ་འཟླས་ན་གཟུགས་གང
204b3 དང་གང་འདོད་པ་དེ་དང་། བདག་སངས་རྒྱས་ཀྱི་གཟུགས་སུའང་བྱེད་པར་འགྱུར་རོ།། མི་སྣང་བར་འདོད་པས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ལ། རྡོ་རྗེ་བཟུང་བས་མི་སྣང་བར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་སོ།། བཏང
204b4 བས་ནི་འགྲོལ་ལོ། ། ཁྲིའུ་ལ་འདུག་ནས་རྡོ་རྗེ་ལག་ཏུ་བླངས་ཏེ་ནམ་འཕར་གྱི་བར་དུ་བཟླས་སོ།། གདོན་གྱིས་འཛིན་དུ་འཇུག་ན་རྡོ་རྗེ་ཧཱུཾ་ཞེས་པས་སོ།། གདོན་གར་བྱེད་དུ་འཇུག་པ་ནི་ཧི་ཞེས་པས་སོ།། གདོན་བསྐྱོད་པ་ནི་རྟག
204b5 ཅེས་པས་སོ། ། གདོན་གཞོམ་པ་ནི་ཕཊ་ཅེས་པས་སོ།། གཅེར་བར་བྱ་བ་ནི་མིའི་སྒྲའི་སྐུད་པས་རང་གི་དཔུང་པ་བཅིངས་ན་གཅེར་བར་འགྱུར་ཏེ་གོས་བརྗེ་བར་འགྱུར་རོ།། སྡང་བར་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ
204b6 བསྒྲལ་བས་སོ། ། བསྐྲད་པ་ནི་རྡོ་རྗེ་ཁུ་ཚུར་གྱིས་འཕང་ངོ་།། དགོས་པ་བསྐྱེད་པ་ནི་མཚན་ཐོག་ཐག་ཤ་ཆེན་རང་གི་ཁྲག་གིས་བསྐུས་ཏེ་སྲེག་གོ།། གཞན་གྱི་བུད་མེད་དགུག་པ་ནི་རྡོ་རྗེ་བཟུང་ནས་སྙིང་པོ་བཟླས་ཤིང་དགུག་གས
204b7 ཡང་ན་ཐམས་ཅད་དུ་ཁྱབ་པ་ཧཱུཾ་ཞེས་པ་ཐམས་ཅད་བྱའོ། ། བུད་མེད་ཐམས་ཅད་དགའ་བར་སྤྱོད་པ་ནི་རང་གི་རྟགས་རྡོ་རྗེ་བཅིངས་པས་བཟུང་ལ་ཉིན་བདུན་དུས་གསུམ་དུ་ལངས་ཀྱི་བར་དུ་སློབ་བོ།། དེ་ནས་མཇུག་ཏུ་རྣམ
iiif viewer powered by OpenSeadragon
204a - 205a