| | e-texts navigator
|
204a1 ཁང་དུ་ཐོ་ཤིང་སྙིང་པོ་བཟླས་ནན་བདུན་ཚུན་ཆད་འཕོ་བར་འགྱུར་རོ། ། གླིང་གཅད་པ་ནི་རྡོ་གྲངས་ཅིགཅད་པར་བྱའོ།། སྙིང་དབྱེ་བ་ནི་རྡོ་རྗེ་ཐུགས་ཕུར་གྱིས་བཏབ་སྟེ། མིང་ནས
204a2 ཤིང་གཟུགས་སོ། ། སྙིང་སྤོ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བླངས་ཏེ། མཚན་བདུན་དུ་རབ་ཏུ་སྦྱོར་ང་བྱས་པས་འཕོ་བར་འགྱུར་རོ།། དེ་ནས་ཕྱག་རྒྱ་འདི་རྣམས་ལས་ཐར་པར་བྱ་བ་བཤད་དེ། ངས་རྒྱས་འདེབས་པ
204a3 ལ་མི་བུ་ཚུར་དམ་པས་སོ། ། ངག་དབྲོག་པ་ལ་ནི་རྡོ་རྗེ་ངག་གི་བཟླས་པས་སོ།། སྙིང་འདྲེན་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྙིང་ཁར་དགྲོལ་ལོ།། བཅད་པ་ལ་ནི་རྡོ་རྗེ་ཧཱུཾ་ཞེས་པ་བཟླས་ནས་འོ་མས་ཁྲུས་ཤིག། བྱེ་བ་ལ
204a4 ཕུར་བུ་ཕྱུང་ནས་རྡོ་རྗེ་དྲིས་སྐུས་ཤིག། སྙིང་སྤོས་པ་ལ་ནི་རྡོ་རྗེ་སྙིང་པོར་ཐར་པར་འགྱུར་རོ།། དེ་བཞིན་དུ་བྱད་མའི་ཕྱག་རྒྱའང་སྤོ་བར་འགྱུར་རོ།། སྙིང་སྒྲུབ་པར་འདོད་ན་བུད་མེད་ཀྱི་སྙིང་ཁར་བཟླས་ན་དེའི་སྙིང་ཁ་ནས་སྒྲ
204a5 ཐོས་པར་འགྱུར་རོ། ། སྐྱེས་པའི་སྙིང་ཁར་ཡང་དེ་བཞིན་དུ་བྱ་སྟེ། སྙིང་ཁ་ཐམས་ཅད་དུའང་དེ་ལྟར་རོ།། དེ་ནས་ཕ་རོལ་གྱི་སེམས་ཤེས་པ་སྒྲུབ་པར་འདོད་པས་ནི་རྡོ་རྗེ་ཧཱུཾ་ཞེས་པ་བརྒྱར་བཟླས་ན་ཕ་རོལ་གྱི་སེམས་ཤེས
204a6 སོ། ། སྔོན་གྱི་གནས་ཤེས་པར་བྱ་བ་ནི་རྡོ་རྗེ་ཧཱུཾ་ཞེས་བཟླས་པས་སོ།། རྨི་ལམ་མཐོང་བར་འདོད་པས་ནི་རྡོ་རྗེ་ཧཱུཾ་ཞེས་པ་ལན་ཉི་ཤུ་རྩ་གཅིག་བཟླས་ཤིང་བདུག་པས་ཀ་པི་ཙས་བདུགས་ཏེ་གཉིད་ལོག་ན། དེ་ནས་བཅོམ
204a7 ལྡན་འདས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཤེས་པ་སྟོན་ཏོ།། ཚིག་སྒྲུབ་པར་འདོད་པས་ན་རྡོ་རྗེ་ཚིག་གི་སྟོང་ཕྲག་བརྒྱ་བཟླས་ན་རྡོ་རྗེ་ཚིག་གིས་རང་གི་ལྕེས་སྨྲས་པ་ཐམས་ཅད་བདེན་པར་འགྱུར་ཏེ
iiif viewer powered by OpenSeadragon
203b - 204b