| | e-texts navigator
|
203b1 རྡེག་པ་སྤྱོང་བ་ནི་ཁྲོ་བོའི་ལྟ་བས་ཏེ། གང་དུ་བལྟས་པ་དེར་འཕོའོ།། བཟའ་བ་དང་བཏུང་བ་ཐམས་ཅད་སྤོང་བ་ནི་འབར་བའི་ལྟ་བས་རང་གི་སྣོད་དུ་འཕོའོ།། སྡིག་པ་དང་སྦྲུལ་ཐམས་ཅད་མེད་པར་བྱ་བ་ནི་ཐང་ཅིག་བརྗོད
203b2 པས་སོ། ། གཅན་གཟན་ཐམས་ཅད་ལ་ཐང་ཅིག་བཟླས་པས་མེད་པར་འགྱུར་རོ།། རྐུན་པོ་ཐམས་ཅད་ཕམ་པ་ནི་རྡོ་རྗེ་ཁུ་ཚུར་བཅངས་པས་སོ།། དམག་ལས་སྒྲོལ་བ་ནི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་སོ།།
203b3 གཞུ་དང་། མདའ་དང་། མདུང་དང་། རྒྱལ་མཚན་མནན་ནས་འགུལ་གྱི་བར་དུ་བཟླས་ཏེ། དེ་ཐོགས་ན་དམག་ཐམས་ཅད་ལས་རྒྱལ་བར་འགྱུར་རོ།། ཞལ་ཆེ་ལ་ནི་ཐམས་ཅད་གཅིག་བརྗོད་པས་རྩོད་པའི་ལ
203b4 @ཐེབས་པར་འགྱུར་རོ། ། ཞི་བ་ཐམས་ཅད་ནི་ཏིལ་གྱི་སྦྱིན་སྲེག་གིས་སོ།། རྒྱས་པ་ཐམས་ཅད་ནི་ཡུངས་ཀར་གྱི་སྦྱིན་སྲེག་གིས་སོ།། གཏན་འཕོ་བ་ཐམས་ཅད་ནི་ཚེར་མའི་སྦྱིན་སྲེག་གིས་སོ།། འཚེ་བ་དང་།
203b5 གནམ་ངལ་དང་། རྨི་ལམ་ངན་པ་ཐམས་ཅད་གཞིལ་བ་ནི་ཏིལ་དང་འབྲས་ཀྱི་སྦྱིན་སྲེག་གིས་སོ།། གཞོམ་པ་ཐམས་ཅད་ནི་ཧཱུཾ་ཞེས་པས་སོ།། དགོད་དུ་གཞུག་པ་དང་། མྱོས་པར་བྱ་བ་ཐམ་ཅད་ལ་ཕཊ་ཅེས
203b6 བྱ་བས་སོ། ། ཐམས་ཅད་གཉིད་ལོག་ཏུ་གཞུག་པ་ནི་བསྐུམ་ལ་མིག་བཙུམས་ཏེ་བརྒྱ་བཟླས་པས་ཐམས་ཅད་གཉིད་ལོག་པར་བྱ་བ་ཡིན་ནོ།། སེམས་ཅན་ཐམས་ཅད་རྒྱས་གདབ་པ་ནི་རྡོ་རྗེ་ཁྲོ་བོའི་ལྟ་བས་བལྟས་ན
203b7 ཆས་བཏབ་པར་འགྱུར་ཏེ། ཉིན་བདུན་ལས་ལྷག་པར་མི་གསོན་ནོ།། ངག་དབྲོག་པ་ནི་རང་གི་ལྕེ་སོས་བཟུང་ནས་ཧཱུཾ་ཞེས་བྱ་བའི་བར་དུ་སྦྱར་བའོ།། སྙིང་དྲང་བ་ནི་རྡོ་རྗེ་སོར་མོའི་ཕྱག་རྒྱ་དཔུང་པ་བསྣོལ་ཏེ། རང་གི་མམ
iiif viewer powered by OpenSeadragon
203a - 204a