e-texts navigator
Collection
Volume
Page
Wylie

202b1 འདི་ལྟ་སྟེ། ཐང་ཅིག་བརྗོད་པས་ནི་བདག་དང་། གཞན་དང་། གྲོང་དང་། གྲོང་ཁྱེར་དང་། རྒྱལ་པོ་ལ་སོགས་པ་སྲུང་བར་འགྱུར་རོ།། མཚམས་བཅད་པ་ལ་སོགས་པ་ནི་བརྟན་པར་བལྟ་བས་མཚམས་བཅད་པ་དེ་བཞིན
202b2 གཤེགས་པ་ཐམས་ཅད་ཀྱང་མི་འདའ་ན་གཞན་ལྟ་ཅི་སྨོས། སའི་དཀྱིལ་འཁོར་དང་། ནམ་མཁའ་དང་། ཕྱོགས་བཅིངས་པའང་ལྟ་བ་དེས་སོ།། དབབ་པ་ནི་རེག་པ་དང་མ་རེག་པས་རལ་གྲི་དང་། མེ་ལོང་དང་།
202b3 སྣོད་དང་། མཐེ་བོང་དང་། ཤིང་ལྗོན་པ་དང་། བྲིས་པ་དང་། ཆ་ལུགས་དང་། གཞུ་དང་། མདའ་དང་། རྡོ་རྗེ་ལ་སོགས་པ་དབབ་པའི་ཕྱག་རྒྱ་གོས་ཀྱིས་གཡོགས་ལ་བཅིངས་ཏེ། གུ་གུལ་གྱི་གདུག་པས་དབབ
202b4 བོ། གདོན་ཞི་བར་བྱ་བ་ནི་ཧཱུཾ་ཞེས་པས་སོ།། ཧཱུཾ་ཞེས་པའི་ཕྱག་རྒྱས་ནི་སེམས་ཅན་ཐམས་ཅད་འཕུངས་པར་བྱེད་དོ།། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱས་ནི་བྱད་མའི་གདོན་ལས་ཐར་པར་འགྱུར་རོ།། ཧེ་རུ་ཀ་རྡོ་རྗེའི་ཕྱག
202b5 རྒྱ་བསྟན་པས་ནི་བྱང་མས་བསད་པ་ལས་སླར་གསོ་བར་བྱའོ། ། རྡོ་རྗེའི་ཕྱག་རྒྱ་བཟུང་བས་སྒྲ་ལས་བཟུང་སྟེ་བསླངས་པས་ནི་དུག་མནན་པ་དང་། དུག་བསླང་བ་དང་། དུག་ཞི་བར་བྱ་བ་དང་། དུག་སྤོ་བ་དང་། དུག
202b6 གཞིག་པར་བྱ་བ་དང་། དུག་གིས་ཤི་བ་ལས་གསོ་བར་བྱའོ།། རྡོ་རྗེ་ཧཱུཾ་ཞེས་པ་གཅིག་གིས་སོ།། གཏེར་དབྱུང་བ་ནི་ཟངས་ཀྱི་རིལ་བ་ཆུས་བཀང་ལ། རྡོ་རྗེ་ཧཱུཾ་ཞེས་པའི་མཛུབ་མོ་དང་གུ་གུལ་གྱིས་བདུག་པ་བྱས
202b7 ཏེབཟླས་ན་གལ་ཏེ་གཏེར་ཡོད་ན་ནི་ཆུ་དེ་ལྡུད་དོ། ། དེ་སྟེ་མེད་ན་ནི་འཁྱིལ་ལོ།། དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཧཱུཾ་ཞེས་པ་བཟླས་ཏེ་བླང་ངོ་།། སྣང་བ་དགུག་པ་ནི་དོང་ཀའི་ལྗོན་པའི་ཡམ་ཤིང




iiif viewer powered by OpenSeadragon

202a - 203a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po