| | e-texts navigator
|
202a1 འགུག་གོ། ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཐམས་ཅད་ཀྱང་སྨྲའོ།། གཞན་གྱི་ནོར་ཐམས་ཅད་ཀྱང་ཕྲོགས་ནས་འབུའོ།། དེ་ནས་རིག་པའི་བརྟུལ་ཞུགས་བྱ་བར་འདོད་པས་དངོས
202a2 གྲུབ་མེད་པ་གང་ཡིན་པ་དེས་ཟླ་བ་དྲུག་གི་བར་དུ་ཉིན་ཞག་བཅུ་བཅུ་ཞིང་སྤྱད་པ་སྔ་མ་རྗེས་ལ་སློང་མོའི་ཁ་ཟས་ལ་སོགས་པ་ནས་རླུང་བཟའ་བའི་བར་དུའོ། ། དེ་ནས་མཇུག་ཏུ་མཚན་ཐལ་བྱུང་བཟླས་ན་ནང་པར་སངས་རྒྱས
202a3 པའང་སྦྱིན་པར་འགྱུར་རོ། ། དེ་ནས་ཉིན་རེ་ཞིང་བཅོ་བརྒྱད་ཀྱི་བར་དུ་སྔོན་གྱི་སྤྲད་པ་རྣམ་བྱས་ལ། དེའི་མཇུག་ཏུ་མཚན་ཐལ་བྱུང་བཟླས་ན་ནང་པར་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ཧཱུཾ་ཞེས་ཐང་ཅིག་བརྗོད་པས་ཀྱང་ངོ་།།
202a4 དེ་ནས་རོ་ལངས་སྒྲུབ་པ་འབྱུང་སྟེ། མ་སྨས་མ་ཉམས་པའི་མི་རོ་བླང་ལ་ལེགས་པར་བཀྲུས་ནས་བྱུག་པས་ལེགས་པར་བྱུགས་ཏེ། མེ་ཏོག་གི་འཕྲེང་བས་བཏགས་ནས་རྐང་པ་གཡོན་པས་མནན་ལ་དབུགས་བྱུང
202a5 བར་དུ་བཟླས་ན་དེ་ལྡང་སྟེ་ལངས་པ་དང་། དེ་ཞོན་ན་ཐམས་ཅད་དུ་འགྲོ་ཞིང་ཚེའང་ལོ་སྟོང་ཕྲག་བརྒྱར་འགྱུར་རོ།། དེ་ནས་རོ་ལངས་ཀྱི་གྲུབ་པ་མཆོག་སྒྲུབ་པ་འབྱུང་སྟེ། མ་སྨས་མ་ཉམས་པའི་མི་རོ་བླངས་ནས་བ
202a6 ཞིན་དུ་རབ་ཏུ་བརྒྱན་པ་ཞོན་ཏེ་ལངས་ཤིང་ཡང་འགྱེལ་བའི་བར་དུ་བཟླས་ན་དེ་བཞིན་གཤེགས་པའི་སྐུར་འགྱུར་རོ། ། དེ་ཕྲག་པ་ལ་ཁྱེར་ན་དེ་བཞིན་གཤེགས་པ་ཐམས་ཅད་བསྲེལ་བའི་རིག་འཛིན་འཇིག་རྟེན་གྱི་ཁམ
202a7 རབ་འབྱམས་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་དང་། ཚེ་རང་བསྐལ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ།། དེ་ནས་མ་བསྒྲུབས་ཀྱང་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་ལས་སུ་འགྱུར་བ་ནི།
iiif viewer powered by OpenSeadragon
201b - 202b