e-texts navigator
Collection
Volume
Page
Wylie

201b1 ལ་རྡོ་རྗེ་འཛིན་མའི་ཕྱག་རྒྱས་མནན་ནས་འདོད་པ་ཐམས་ཅད་ཀྱི་བདག་པོ་དང་། རིག་འཛིན་དང་། ཐམས་ཅད་དུ་འགྲོ་བ་དང་། ཚེ་ལོ་སྟོང་དུ་ཐུབ་པར་འགྱུར་རོ།། དེ་ནས་སཱ་ལ་བྷཉྩི་ཀ་སྒྲུབ་པ་འབྱུང་སྟེ། གནས
201b2 གང་ན་སཱ་ལ་བཱཉྩི་ཀ་རི་མོར་བྲིས་པ་འམ། གཟུགས་སུ་བྱས་པ་དེའི་འཇོམ་པ་ལ་སོར་མོ་བཞག་སྟེ། ཟླ་བ་གཅིག་གི་བར་དུ་ཟློས་ཤིག། དེ་ནས་ཟླ་བ་གཅིག་མཐར་མཚན་ཐོག་ཐག་ཟློས་ཤིག། དེ་ནས་ནང
201b3 པར་རང་གི་གཟུགས་སུ་བསྟན་ནས་འདོད་པ་ཐམས་ཅད་སྦྱིན་པའི་ཆུང་མར་འགྱུར་རོ། ། གནོད་སྦྱིན་མ་སྒྲུབ་པར་འདོད་པས་གནོད་སྦྱིན་མ་གང་ན་འདུག་པའི་གནས་དེར་འདུག་ལ། རང་གི་གཟུགས་སུ་འོངས་ཀྱི་བར
201b4 དུ་བཟླས་ན་དེ་ལ་འདོད་པ་ཐམས་ཅད་སྟེར་བའི་བྲན་མོར་འགྱུར་རོ། ། དེ་ནས་ཤ་ཟ་མོ་སྒྲུབ་པར་འདོད་པས་ཕྱག་དར་ཕུང་པོ་མེས་བཏང་སྟེ། ལག་པ་གཡོན་པས་རང་གི་མཚན་མ་དེ་བཟུང་ལ་གཡས་པས་གཟེགས་མ་བསྲེས
201b5 པ་ནི་ཕྱག་དར་གྱི་ཕུང་པོ་དེ་ལས་ཇི་ཙམ་དུ་ཤ་ཟ་མོ་གདེང་མངས་གཟུགས་མི་སྡུག་པ་འོངས་ཏེ་རང་གི་གཟུགས་སུ་གནས་སོ། ། དེའང་དེ་བཞིན་དུ་བྲན་མོར་འགྱུར་རོ།། དེ་ནས་ཅི་བགྱི་སྒྲུབ་པར་འདོད་པས་ཉིན་ཞག་གཅིག
201b6 སྦྱསྣ་བ་བྱས་ལ། ཚེས་ཉི་ཤུ་དགུ་ལ་བརྒྱད་སྟོང་བཟླས་ཏེ། དེ་ནས་ཟླ་བ་གཅིག་སློང་མོ་ལ་ཟ་ཞིང་གྲངས་མེད་པར་བཟླས་ཏེ། ཟླ་བ་གཅིག་ལོན་པ་དང་ནུབ་གསུམ་སྦྱང་ནས་མཚན་ཐོག་ཐུག་བཟླས་སོ།། དེ་ནས་ནང་པར
201b7 ཙཾ་ཀྱི་འོད་ནས་དེས་མི་འཇིགས་པར་བྱས་ཏེ། དེ་ནས་དེ་རང་ནས་འགྲུབ་བོ།། དེ་བྱིན་ཅད་འདོད་པ་ཐམས་ཅད་འབྲལ་བའི་གཡོག་ཏུ་འགྱུར་ཏེ། མཐོ་རིས་ཀྱི་ལྷ་མོ་འདི་འགྲུབ་ཅིང་འདུལ་ལོ།། དེ་ཡང་སྐྱེལ་ཞིང་སླར་ཡང




iiif viewer powered by OpenSeadragon

201a - 202a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po