e-texts navigator
Collection
Volume
Page
Wylie

201a1 ཐམས་ཅད་འགུག་གོ། ། འདི་ལྟ་བུའི་རྣལ་འབྱོར་ཡང་སྟེར་ཏེ། རྣལ་འབྱོར་གང་གིས་ཁྲོ་བོ་འཇིག་རྟེན་དུའང་འགྲོ་ཞིང་ཕྱིར་ཡང་འོང་ངོ་།། དེ་ལ་སུས་ཀྱང་ཅུང་ཟད་ཀྱང་བྱེད་མི་ནུས་སོ།།
201a2 དེནས་དཔའ་ཆེན་མོ་གྲུབ་པར་འདོད་པ་དེས་ཕྱག་ན་རྡོ་རྗེའི་སྤྱན་སྔར་བཟླས་པ་ནི་ཕྱག་ན་རྡོ་རྗེའི་སྐུ་ལས་ལྷ་མོའི་ལུས་མཐོང་གི་བར་དུ་སྟེ། དེ་ལས་མ་འགུལ་ཅེས་བསྒོའོ།། དེ་ཕྱིན་ཆད་དོན་ཐམས་ཅད་སྦྱོར་བར་འགྱུར
201a3 སངས་རྒྱས་པའང་སྟེར་བའི་བར་དུའོ། ། དེ་ནས་མཚོ་དབྱངས་མ་དབང་དུ་བྱ་བར་འདོད་ན། དེ་ནས་ཕྱག་ན་རྡོ་རྗེའི་སྤྱན་སྔར་ཡི་གེ་འཕྲེང་བར་བྱས་ལ། འཕྲེང་བའི་ཡི་གེ་བཀོད་ཅིང་མཐར་ཕྱིན་པའི་བར་དུ་བཀླག
201a4 ཏེ། ཉིན་རེ་ཞིང་དུས་གསུམ་དུ་ལས་བྱས་ལ། དེ་ནས་བརྒྱད་སྟོང་བཟླས་ན་ཟླ་བ་གཅིག་ལོན་པ་དང་མཚོ་དབྱངས་མ་མཐོང་ངོ་།། དེ་ཕྱིན་ཆད་ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པར་འགྱུར་རོ།། འཇིག་རྟེན
201a5 པ་དང་འཇིག་རྟེན་ལས་འདས་པའི་གཙུག་ལག་ཐམས་ཅད་དང་། ། བཤེས་གཉེན་ཅན་དུ་བྱ་བ་ཐམས་ཅད་དང་། བཟོ་ཐམས་ཅད་ཀྱང་མ་བསླབས་པར་དེས་རབ་ཏུ་ཤེས་སོ།། དེ་ནས་ལིག་བུ་མིག་དང་། གུར་ཀུམ
201a6 དང་། ལྡོང་རོས་དང་། བ་བླ་རྣམས་ལ་སྒྲུབ་པ་འབྱུང་སྟེ། ལིག་བུ་མིག་བླངས་ལ། འཇོམ་པའི་སྟེང་དུ་བཞག་ནས་ལག་པས་མནན་ཏེ་གྲུབ་པ་རྣམ་གསུམ་བྱུང་གི་བར་དུ་བཟླས་སོ།། གཅིག་གིས་ནི་མི་སྣང
201a7 བར་འགྱུར་རོ། ། གཉིས་པས་ནི་གཟུགས་མང་པོར་འགྱུར་རོ།། གསུམ་པས་ནི་གནས་གོང་མར་འཛེག་པ་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། གུར་ཀུམ་ལ་སོགས་པ་བཟུང་སྟེ། འཇོམ་པའི་བུ་གར་བཅུག




iiif viewer powered by OpenSeadragon

200b - 201b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po