e-texts navigator
Collection
Volume
Page
Wylie

200b1 ཙམ་གྱིས་ཐམས་ཅད་ཀུན་འགུགས་ནུས་པར་འགྱུར་རོ། ། དུད་པ་བྱུང་བ་ཙམ་གྱིས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ།། འབར་བས་ནི་ཐམས་ཅད་འགུགས་ནུས་པ་དང་། དབང་དུ་བྱ་ནུས་ཤིང་རིག་འཛིན་གྱི་རྒྱལ
200b2 པོར་འགྱུར་རོ། ། དེ་ནས་ལྷ་ལ་སོགས་པ་འགུགས་པ་འབྱུང་སྟེ། ལྷ་ཆེན་པོ་ལ་སོགས་པ་ལྷ་རྣམས་གང་ཡང་རུང་བའི་ཆ་ལུགས་རྐང་པ་གཡོན་པས་མནན་ལ་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ཏེ། བསྡིགས་ཤིང
200b3 ཟླ་བ་གཅིག་གི་མཐའི་བར་བཟླས་ན་ལྷ་ཐམས་ཅད་ལྷགས་ཏེ། ལས་ཐམས་ཅད་བྱེད་པའི་གཡོག་ཏུ་འགྱུར་རོ།། ཀླུ་དབང་དུ་བྱ་བར་འདོད་ན་ཀླུའི་མཚོར་ལྟེ་བ་མན་ཆད་ཆུའི་ནང་དུ་བཅུག་ལ་ལོ་གཅིག་ཚུན་ཆད་ཀླུ་ཐམས
200b4 ཅད་རང་གི་གཟུགས་སུ་སྟོན་ཅིང་ལས་ཐམས་ཅད་བྱེད་པའི་གཡོག་ཏུ་གྱུར་ཀྱི་བར་དུ་བཟླས་སོ། ། གནོད་སྦྱིན་དབང་དུ་བྱ་བར་འདོད་པས་གནོད་སྦྱིན་གང་ལ་གནས་པའི་གནས་དེར་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ལ་གནོད
200b5 སྦྱིན་དེ་དག་ལྷགས་ཏེ་བཀའ་ཅི་སྩལ་ཅེས་སྨྲ་བའི་བར་བཟླས་སོ། ། དེ་ཕྱིན་ཆད་བཀའ་ཐམས་ཅད་བྱེད་པའི་གཡོག་ཏུ་འགྱུར་རོ།། དེ་ནས་མ་རྣམས་ཐམས་ཅད་དབང་དུ་བྱ་བར་འདོད་པས་མའི་གནས་སུ་སོང་ནས་ཁྲོ
200b6 མོའི་སྙིང་ཁར་རྡོག་པས་མནན་ལ་ཟླ་བ་གཅིག་ལོན་གྱི་བར་དུ་བཟླས། ཚེས་ཉི་ཤུ་དགུ་ལ་འཇིགས་སུ་རུང་བའི་སྒྲ་ཆེན་པོ་འབྱིན་པར་བྱེད་དོ།། དེ་ནས་དབང་དུ་གྱུར་ནས་བཀའ་བཞིན་བྱེད་པའི་གཡོག་མོར་འགྱུར
200b7 ཕྲག་པ་ལ་ཁྱེར་ནས་མཐོ་རིས་སུ་འཁྲིད་ངོ་དོ། ། སླར་ཡང་ཁྲིད་དེ་འོངས་ནས་ཚོགས་ཀྱི་བདག་པོར་བཅུག་ཅིང་དེ་དག་གིས་མཆོད་དེ། སྔོན་མ་བྱུང་བའི་དོན་ཐམས་ཅད་དང་། འདོད་པ་ཐམས་ཅད་དང་། ན་ཆུང




iiif viewer powered by OpenSeadragon

200a - 201a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po