e-texts navigator
Collection
Volume
Page
Wylie

200a1 དཀྱིལ་འཁོར་ཆེན་པོ་མཐོང་བས་ཟླ་བ་གཅིག་གི་བར་དུ་དེ་བཞིན་དུངས་གསུམ་དུ་ཁྲུས་བྱས་ནས་དུས་གདུམ་དུ་གོས་རྔས། དུན་གསུས་དུ་བའང་གི་སྒྲིབས་དཀྱིལ་འཁོར་བྱས་པ། ནོ་ལུགས
200a2 ཀྱི་མཚོན་ཆས་དེར་རྡོ་རྗེ་བྲིས་ལ། དེ་ལ་ལྷ་ཞིང་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ། བརྒྱད་བརྒྱ་བཟླས་ན་ཟླ་བ་གཅིག་གི་མཐར་བཅོམ་ལྡན་འདས་མཐོང་ངོ་།། དེ་ནས་རྡོན་སྒྲུབ་པ་འབྱུང་སྟེ། རྡོ་རྗེ་རས་སས
200a3 རྩིག་པ་འམ། ཤིང་ལེབ་ལ་བྲིས་ནས། དེ་ལ་མཆོད་པ་བྱས་ཏེ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ལོ་གཅིག་ཚུན་ཆད་རྡོ་རྗེ་ནམ་འབར་གྱི་བར་དུ་ཟློས་ཤིག། འབར་བ་དེས་ན་ནམ་མཁའ་ལ་འགྲོ་བ་དང་། ལོ་བཅུ་དྲུག
200a4 ལོན་པའི་ལུས་ཕྱག་ན་རྡོ་རྗེ་དང་མཚུངས་པའི་གཟུགས་དང་། སྟོབས་དང་། མདོག་ཏུ་གྱུར་ཏེ། འདོད་པའི་ལོངས་སྤྱོད་ཐམས་ཅད་དང་ལྡན་པ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ།། ཚེ་འཇལ
200a5 སྟོང་ཕྲག་བརྒྱར་འགྱུར་རོ། ། དེ་ནས་རལ་གྲི་སྒྲུབ་པ་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་བཟུང་ལ་ལོ་གཅིག་གི་བར་དུ་བཟླས་ན་རིག་འཛིན་ཐམས་ཅད་ཀྱི་བདག་པོ་རིག་འཛིན་པར་འགྱུར་རོ།། དེ་ནས་འཁོར་ལོ་སྒྲུབ་པ
200a6 འབྱུང་སྟེ། འཁོར་ལོའི་དཀྱིལ་འཁོ་བྲིས་ལ་ལྕགས་ཀྱི་འཁོར་ལོ་ཐོགས་ནས། ནམ་རྡོ་རྗེར་གྱུར་ཅིང་སླར་ཡང་འཁོར་ལོར་གྱུར་གྱི་བར་དུ་བཟླས་སོ།། དེ་ནས་དེ་ཐོགས་པས་ན་རིག་འཛིན་ཐམས་ཅད་ཀྱི་འཁོར་ལོ་བསྐོར
200a7 བར་འགྱུར་རོ། ། དེ་མས་ཀྱོ་བཏང་སྒྲུབ་པར་འདོད་པས་ཕྱག་ན་རྡོ་རྗེའི་སྤྱན་སྔར་གསེར་གྱི་ཀྱོ་བཏང་བྱས་ཏེ་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། གྲུབ་པ་རྣམ་གསུམ་དུ་གྱུར་གྱི་བར་དུ་དཟླས་ལ་དྲོས་པ




iiif viewer powered by OpenSeadragon

199b - 200b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po