e-texts navigator
Collection
Volume
Page
Wylie

199b1 ཧཱུཾ་ཞེས་པ་མཛད་དོ། ། དེ་ནས་ཆོ་ག་གཞན་ཏེ། རིག་པས་དབང་བསྐུར་བར་བྱ་བར་འདོད་ནདྲིའམ། འཛི་བ་ལས་ཕྱུགན་རྡོ་རྗེའི་མ་ལུགས་བྱས་ལ་ཕྲག་གཉིས་བརྒྱང་རྗེ་རྡོ་རྗེ་འཛིན་ཏོ།། དེ་ཐུབ་པར་གྱི་ཆེས་གཅིག་ནས
199b2 བརྩམས་ཏེ། ཆེས་བཅོ་ལྔའི་བར་དུ་མར་བ་ནི་ཟེ་བརྒྱད་ཀྱིས་ཁྲུས་ཤིག། དེ་ནས་ཐ་མར་མཚན་ཐལ་བྱུང་བཟླས་སོ།། དེ་ནས་ནང་པར་གཟུགས་དེ་བཞད་དེ། དེ་ནས་རིག་པ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ།།
199b3 དེ་ནས་སྒྲུབ་པ་གཞན་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་ལུགས་དྲི་འམ། འཇིབ་ལ་དེ་བཞིན་དུ་ཕྱག་བརྐྱང་བ་རྡོ་རྗེ་འཛིན་པར་བྱས་ལ། དེའི་ཞབས་ཀྱི་བར་དུ་སྤོས་ཆུས་བཀྲུས་ནས། དེ་ཕྱིན་ཆད་ཡིད
199b4 བཞིན་དུ་མི་སྣང་བར་འགྱུར་རོ། ། དེ་ནས་སྒྲུབ་པ་གཞན་ཏེ། རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཕྱག་བཞི་པར་བྱས་ལ། དེའི་ཕྱག་གཡས་པར་པདྨོ། གཡོན་པར་རྡོ་རྗེ། གཡས་པར་རྡོ་རྗེ་ཧཱུཾ་ཞེས་པ། གཡོན་པར
199b5 མངའ་དང་གཞུ། དེ་ནས་དེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་པའི་མཇུག་ཏུ་ཞག་གསུམ་སྦྱང་བ་བྱས་ཏེ་མཚན་ཐལ་བྱུང་བཟླས་ན། དེའི་ནང་པར་དེ་དང་འདྲ་བའི་གཟུགས་སུ་འགྱུར་ཏེ། བསྐལ་པར་གནས་ཤིང་མི་དགའ་བ་དང་།
199b6 སེམས་ཅན་ཐམས་ཅད་དབང་དུ་བྱ་བ་དང་།། ཐམས་ཅད་དུ་འགྲོ་བར་འགྱུར་རོ།། དེ་ནས་དཀྱིལ་འཁོར་སྒྲུབ་པ་འབྱུང་སྟེ།། དཀྱིལ་འཁོར་མཐོང་བས་ལྕི་བ་གསུམ་གྱིས་ཁྲུས་བྱས། དུས་གསུམ་དུ་གོས་བརྗེས་ལ།
199b7 རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས་བརྒྱང་སྟོང་དུས་གསུམ་དུ་ཉིན་བདུན་བཟླས་ན།། དེ་ནས་ཕྱག་ན་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བྱས་ནས་རྨི་ལམ་དུ་ཐམས་ཅད་སྨྲའོ།། དེ་ནས་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་གཞན་འབྱུང་སྟེ།




iiif viewer powered by OpenSeadragon

199a - 200a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po